༄༅། །བཀའ་ཐང་སྡེ་ལྔ།
ལེའུ་བཅུ་གསུམ་པ། སྟོན་མུན་ཅིག་ཅར་འཇུག་པའི་སྐབས།
上一章
下一章

(ལེའུ་བཅུ་གསུམ་པ། སྟོན་མུན་ཅིག་ཅར་འཇུག་པའི་སྐབས།)

སྟོན་མུན་ཅིག་ཅར་འཇུག་པའི་དཔེ་བསྟན་པ༔ རི་རྒྱལ་རྩེ་མོར་ཕྱིན་ན་ཀུན་མཐོང་ཚུལ༔ རི་བྲན་རྩེ་ནས་ལྷུན་པོ་མི་མཐོང་བཞིན༔ རིམ་གྱིས་པ་ནི་ཀོ་མོའི་ཉ་ཆུང་འདྲ༔ ཅིག་ཅར་བ་ནི་གཙང་ཆུའི་ཉ་དང་འདྲ༔ གཞལ་བྱ་གཞལ་བྱེད་ཡེ་ནས་མ་སྐྱེས་པ༔ ཅི་ཡང་མ་བཙལ་ཉིད་ཀྱིས་གོ་བར་འདོད༔ བླ་མ་ངེས་པའི་མདོ་སྡེ་མི་བརྟེན་ཡིན༔ ཡུལ་ལ་མ་བརྟེན་པར་ནི་སེམས་མི་སྐྱེ༔ སེམས་ལ་མ་བརྟེན་པར་ནི་ཡུལ་མི་སྣང་༔ ཤེས་བྱ་ཤེས་བྱེད་གཉིས་པོ་ཕན་ཚུན་ལྟོས༔ གྲུབ་པའི་སྣང་བ་མི་འགོག་པ་ནི་ཐབས༔ སྣང་བ་རང་བཞིན་མེད་པ་ཤེས་རབ་བོ༔ གཉིས་མེད་དོན་དམ་གཅིག་པར་ཐག་བཅད་དེ༔ ཅིག་ཅར་བ་ནི་སེང་གེ་ལམ་ཞུགས་འདྲ༔ གད་མེད་གཡང་མེད་ཀུན་ལ་ཐོགས་མེད་དོ༔ རིམ་གྱིས་པ་ནི་ཝ་མོ་ལམ་ཞུགས་འདྲ༔ གདག་ཡང་མི་ཐར་བ.་ལ་ལོག་སྐོར་བྱེད༔ ཉེས་སྐྱོན་ལེ་ལོས་

5-35a

༄༅༔       ༔དམིགས་པ་བརྗོད་པ་དང་༔ བྱིངས་དང་རྒོད་དང་མི་རྩོལ་རྩོལ་བའོ༔ དེ་ཉིད་སྤོང་བའི་གཉེན་པོར་འདུན་བྱེད་བརྒྱད༔ དད་པས་འདུན་ལ་རྩོལ་བ་ཤིན་ཏུ་སྦྱངས༔ དྲན་པ་ཤེས་བཞིན་དྲན་པ་བཏང་སྙོམས་སོ༔ འདོད་སྲེད་དང་བྲལ་དགའ་བདེ་ལམ་གྱུར་ཙམ༔ སྡུག་བསྔལ་མ་ཡིན་བདེ་བ་མ་ཡིན་པའི༔ བཏང་སྙོམས་དྲན་འདུན་བསམ་གཏན་བཞི་པའོ༔ རྩེ་མེན་ལས་འདིར་ཁྱད་པར་བཅུས་འཕགས་ཏེ༔ ཐབས་ཀྱི་ཁྱད་པར་སྟོན་མུན་འཕགས་པ་དང་༔ འཇུག་ལུགས་ཁྱད་པར་སྟོན་མུན་འཕགས་པ་དང་༔ སྦྱོང་བའི་ཁྱད་པར་སྟོན་མུན་འཕགས་པ་དང་༔ ཏིང་འཛིན་ཁྱད་པར་སྟོན་མུན་འཕགས་པ་དང་༔ རྣམ་རྟོག་བཅོས་ལུགས་སྟོན་མུན་འཕགས་པ་དང་༔ སྒྲིབ་པ་སྦྱོང་ཐབས་ཁྱད་པར་འཕགས་པ་དང་༔ སྒྲུབ་པའི་ཁྱད་པར་སྟོན་མུན་འཕགས་པ་དང་༔ ཚོགས་ཀྱི་ཁྱད་པར་སྟོན་མུན་འཕགས་པ་དང་༔ རྟོགས་པའི་ཁྱད་པར་སྟོན་མུན་འཕགས་པ་དང་༔

5-35b

འགྲོ་དོན་ཁྱད་པར་དང་ནི་བཅུས་འཕགས་སོ༔ བསམ་གཏན་མཁན་པོ་ཀེ་ཧུན་ཤན་ཏིས་བཤད༔ སེམས་མཉམ་པ་ན་ཆོས་རྣམས་མཉམ་པའོ༔ སངས་རྒྱས་ཆོས་མ་ཡིན་པ་གང་ཡང་མེད༔ སྲེད་ཅིང་ཆགས་པ་ཐམས་ཅད་སྐྱེ་བོ་ཡིན༔ བསམ་གཏན་མཁན་པོ་ཛིང་ཤིན་ཤས་བཤད་པ༔ དྲན་པའི་རྟོག་པ་མི་འབྱུང་ཏིང་ངེ་འཛིན༔ ཡོངས་སུ་རྫོགས་པས་རྟོག་མེད་ཤེས་རབ་སྐྱེ༔ དེ་ནི་ཁམས་གསུམ་པ་ལས་འདས་པར་འགྱུར༔ བསམ་གཏན་མཁན་པོ་སྦབ་ཤན་ཤིན་བཤད་པ༔ རྣམ་པར་མི་རྟོག་ཅིག་ཅར་རིག་པ་ནི༔ གཅན་གཟན་རྒྱལ་པོ་སེང་གེ་འགྱིང་པ་འདྲ༔ སྒྲ་གྲགས་སྤྱོད་པ་རྣམ་བཞི་བག་མི་ཚ༔ བསམ་གཏན་མཁན་པོ་དེའུ་ཤན་ཤིན་བཤད༔ སེམས་ཉིད་འཁྲུད་ལ་ཆུ་མི་དགོས་པ་ཡིན༔ སྦྱིན་པ་གཏོང་ལ་ནོར་མི་དགོས་པ་ཡིན༔ ཡང་དག་སེམས་ཀྱིས་དམ་པའི་དོན་བསྒྲུབས་ན༔ དྲང་པོར་འདུག་པས་དེ་བཞིན་གཤེགས་པ་འཐོབ༔ བསམ་གཏན་མཁན་པོ་

5-36a

༄༅༔       ༔ཐང་བཟང་ཤིན་ཤིས་བཤད༔ ཆོས་གཅིག་ཤེས་ན་ཆོས་ཀུན་མ་བསླབས་ལོབས༔ དེས་ནི་ཉོན་མོངས་བག་ཆགས་མི་སྐྱེའོ༔ བསམ་གཏན་མཁན་པོ་ཧ་ཟེ་ཤིན་ཤིས་བཤད༔ ལམ་དེ་བསྒོམ་ཞིང་སངས་རྒྱས་ཉིད་བལྟས་ན༔ སངས་རྒྱས་མི་མཐོང་གོལ་བ་སངས་རྒྱས་ཉེ༔ བསམ་གཏན་མཁན་པོ་ཨཱཪྻ་རག་ཤིས་བཤད༔ ཐེག་པ་ཆེན་པོའི་ལྟ་བ་ཆུན་པ་ནི༔ འཇིག་རྟེན་འདུས་བྱས་ཐམས་ཅད་འདུས་མ་བྱས༔ ཐོག་མ་རྣམ་པར་དག་ཅིང་མཉམ་པའི་ཕྱིར༔ མཁན་པོའི་བཀའ་ལ་ཡན་པར་མ་བཤད་པ༔ འོད་སྲུངས་ཅིག་ཅར་འཇུག་པ་ཐབས་མེད་དོ༔ ཆོས་སེམས་ལ་སེམས་ཀུན་ལ་མ་སྐྱེས་སོ༔ བསམ་གཏན་མཁན་པོ་བུ་ཆུང་བཤད་པ་ནི༔ མཚན་མ་ཆོས་རྣམས་ཐམས་ཅད་མཚན་མ་ལ༔ སེམས་ཀྱིས་སེམས་འཚོལ་སེམས་ཀྱིས་སེམས་མི་རྙེད༔ ཅི་ཡང་མི་རྙེད་ཅི་ཡང་བསྟན་རྒྱུ་མེད༔ བསམ་གཏན་མཁན་པོ་མ་ཧཱ་ཡཱ་ནས་

5-36b

བཤད༔ ཡོངས་བལྟ་བས་ནི་ཕྱི་ནང་ཆོས་བདག་གིས༔ ལུས་སེམས་སྤྱི་ཡི་མཚན་ཉིད་ཆོས་བདག་ཆེ༔ རང་གི་མཚན་ཉིད་མི་རྟག་སྡུག་བསྔལ་བ༔ སྤྱི་ཡི་མཚན་ཉིད་སྟོང་པ་བདག་མེད་མཇལ༔ བསམ་གཏན་མཁན་པོ་ཁ་ཤེན་ཤི་ཡིས་བཤད༔ ཆོས་སོ་ཅོག་ཀུན་སྟོང་པར་ཤེས་པ་ནི༔ སྟོང་པར་ཤེས་པས་ནུས་པའི་ཡེ་ཤེས་སྟོངས༔ དེ་བས་ཆོས་རྣམས་སྟོང་པ་ཉིད་ཀྱང་སྟོངས༔ བསམ་གཏན་མཁན་པོ་ཛང་ཤེན་ཤི་ཡིས་བཤད༔ ཆོས་སོ་ཅོག་ལ་ཐོགས་པ་མེད་པ་ནི༔ ཆོས་ལམ་སྤྱོད་པ་ཡན་ནོ་ཚོགས་དྲུག་འཆར༔ མདོ་སྡེ་ཐོབ་པ་སངས་རྒྱས་ལུང་བསྟན་ནོ༔ བསམ་གཏན་མཁན་པོ་ཡེན་ཤན་ཤིས་བཤད་པ༔ མིག་མཐོང་གནས་ཉིད་བདེན་པའི་ཆོས་མཐོང་མཐའ༔ ཆོས་སོ་ཅོག་ཀྱང་བདེན་པའི་མཐའ་ཡིན་ནོ༔ དེ་ལས་གཞན་དུ་བཙལ་དུ་ཅི་ཞིག་ཡོད༔ བསམ་གཏན་མཁན་པོ་ཨ་ཤན་ཤིས་བཤད་པ༔ སེམས་དྲང་བ་ནི་ཆོས་ལམ་སྤྱོད་པ་ཡིན༔ སྟོང་པ་མི་སྤྱོད་ཐབས་

5-37a

༄༅༔        ༔མི་འཚོལ་བའི་ཕྱིར༔ དྲང་བོ.ར་སྤྱོད་དེ་ཕན་ཆད་ལམ་མེད་དོ༔ བསམ་གཏན་མཁན་པོ་ལེན་ཤན་ཤིས་བཤད་པ༔ ཆོས་ཀྱི་ངོ་བོ་ཉིད་ལ་ཐེ་ཚོམ་མེད༔ དྲང་པོར་བསྒོམ་ལ་ཐེ་ཚོམ་མ་ཟ་ཞིག༔ བསམ་གཏན་མཁན་པོ་ཧང་ཤན་ཤིས་བཤད་པ༔ གཡོ་ཞིང་བྱེད་དོ་ཅོག་ཀྱང་དེ་བཞིན་ཉིད༔ ཡུལ་དྲུག་གང་བྱུང་བ་ཡང་དེ་བཞིན་ཉིད༔ འགྱུར་བ་མེད་ཅིང་ཐ་དད་མེད་པའོ༔ བསམ་གཏན་མཁན་པོ་ཀན་ཤས་ཤིས་བཤད་པ༔ སེམས་ནི་ཅི་ལ་མི་རྟོག་པར་གོ་ན༔ དེ་ཉིད་མདོ་སྡེ་ཆོས་ཀྱི་ལམ་སྲོལ་ཡིན༔ ཆོས་ཀྱིས་བཅིངས་པས་གྲོལ་བར་མི་མཐོང་ངོ་༔ བསམ་གཏན་མཁན་པོ་ཛི་ཤན་ཤིས་བཤད་པ༔ ཆོས་སོ་ཅོག་ལ་ཡིན་མིན་ངེས་པ་མེད༔ མིག་གིས་གཟུགས་མཐོང་ཚེ་ན་མི་མཐོང་མེད༔ དེ་བཞིན་རྣ་བ་སྣ་ལྕེ་ལུས་དང་ཡིད༔ གཟུགས་ཀྱི་རྒྱུ་ལ་རྣམ་ཤེས་མི་སྐྱེ་ན༔ འདུ་ཤེས་མིག་ཤེས་གཟུགས་མི་མཐོང་བ་ཡིན༔ བསམ་གཏན་མཁན་པོ་ཀམ་ཤན་ཤིས་བཤད་པ༔

5-37b

རྣམ་པར་ཤེས་དྲུག་མི་དགེའི་འདུ་ཤེས་ཡིན༔ དེའི་མིང་བདུད་ཀྱི་ལས་སུ་ཤེས་བྱའོ༔ མཁན་ཆེན་བོ་དྷི་དྷརྨོཏྟཱ་རས་བཤད་པ༔ འདུ་ཤེས་གཡོས་ཚེ་གཡོ་བ་མེད་པ་དེ༔ སངས་རྒྱས་ཆོས་ཡིན་མི་རྣམས་ཤེས་དྲུག་འཁྲུལ༔ མཁན་པོ་ཧྱའུ་འགྱེའུ་ཤན་ཤིས་བཤད༔ སེམས་དང་རྣམ་པར་ཤེས་པའི་རང་བཞིན་ནོ༔ གནས་སོ་ཅོག་རྣམས་སངས་རྒྱས་མྱ་ངན་འདས༔ སེམས་ཀྱི་ཡུལ་ལོག་སདྱས་ཆོས་མིན་མེད༔ བསམ་གཏན་མཁན་པོ་གྱི་ཤན་ཤིས་བཤད་པ༔ མ་རབས་ཕག་པ་སྒོ་གཉིས་གནས་ལུགས་གཅིག༔ རྒྱུ་དང་འབྲས་བུ་གཅིག་ལ་མི་བལྟོས་པས༔ དགེ་མི་དགེའི་ལས་མི་སྟོར་འབྲལ་བ་མེད༔ ཁྲིམས་ལྔ་བསྲུངས་ན་ངེས་པར་མི་ལུས་འཐོབ༔ སྟོང་ཉིད་ཆོས་ལམ་སྤྱད་ན་དགྲ་བཅོམ་འཐོབ༔ བསམ་གཏན་མཁན་པོ་ཅི་ཤན་ཤིས་བཤད་པ༔ ཆོས་སོ་ཅོག་ཀུན་སངས་རྒྱས་ཆོས་ལ་གཡོས༔ གཡོས་སུ་ཅོག་ཀུན་བྱང་ཆུབ་ཡིན་པས་སུ༔ མི་དངངས་མི་སྐྲག་

5-38a

༄༅༔       ༔གནས་སོ་ཅོག་ཀུན་གྲགས༔ བསམ་གཏན་མཁན་པོ་ཕོག་རྟོག་ཤན་ཤིས་བཤད༔ ཀུན་རྫོབ་བདེན་པ་ཡོད་པས་སྟོང་པ་ཡིན༔ དགྲ་བཅོམ་བདེན་པ་མེད་པས་ཡོད་མ་ཡིན༔ འཕགས་པས་གཟིགས་ན་སྟོང་པ་ནས་གཉིས་མེད༔ བསམ་གཏན་མཁན་པོ་ཛེ་ཤན་ཤིས་བཤད་པ༔ བསླབ་པའི་མིས་ནི་སྡིག་མེད་སྡིག་ཏུ་མཐོང་༔ ཤེས་པའི་མིས་ནི་སྡིག་ནས་སྡིག་མེད་མཐོང་༔ བསམ་གཏན་མཁན་པོ་ཡན་ཤན་ཤིས་བཤད་པ༔ ཀུན་ཀྱང་སེམས་ནི་གཡོ་བའི་ཆོས་ཡིན་ནོ༔ སེམས་མི་གཡོ་བ་བསམ་གཏན་སྒོམ་ཅི་དགོས༔ ཤེས་རབ་ཤེས་པའི་མིས་འཚོལ་དོན་དམ་ཟད༔ བསམ་གཏན་མཁན་པོ་ཧན་ཤན་ཤིས་བཤད་པ༔ སེམས་ཆོས་ལམ་གྱི་ངོ་བོ་ཉིད་ཡིན་ཏེ༔ ལུས་ནི་ཆོས་ལམ་གྱི་ནི་སྣོད་ཡིན་ནོ༔ རྒྱུ་དེ་དགེ་བའི་བཤེས་གཉེན་རྐྱེན་གྱིས་འབྱུང་༔ བསམ་གཏན་མཁན་པོ་ཤི་ཤན་ཤིས་བཤད་པ༔ བདག་གི་ཡིད་ཀྱིས་ཡང་

5-38b

དག་སེམས་ཤེས་ན༔ དེ་དོན་ཟབ་དང་མི་ཟབ་དབྱེ་བ་མེད༔ ལམ་མི་འགལ་ཐོབ་སྟོར་བའི་གནས་མི་མཐོང་༔ བསམ་གཏན་མཁན་པོ་ཧེ་ཁ་ཤིས་བཤད་པ༔ ལྔ་ཕུང་ཡོངས་རྫོགས་མྱ་ངན་འདས་ཤེས་ན༔ ལུས་སེམས་འདིར་སྤྱོད་གཅིག་ལྡན་གཞུང་ཆེན་ཡིན༔ སེམས་ཅན་ཐམས་ཅད་མུན་པ་བསལ་བར་བྱེད༔ བསམ་གཏན་མཁན་པོ་ལ་ཤིན་ཤིས་བཤད་པ༔ ཆོས་དོན་རིག་ན་བདེན་པར་མཐུན་པ་དང་༔ ཐ་དད་ཡིན་མིན་ཐམས་ཅད་མེད་པའོ༔ མངོན་དང་མི་མངོན་བརྩོན་འགྲུས་ཆེ་རྣམས་སོ༔ བསམ་གཏན་མཁན་པོ་མ་ཤན་ཤིས་བཤད་པ༔ ཤེས་པའི་ཚེ་ན་འཇིག་རྟེན་འདས་པ་ཡང་༔ མི་རྣམས་སྟོང་པ་འབའ་ཞིག་ཡོངས་སུ་ཟད༔ ཡི་གེ་བསྟན་པའི་རྗེས་སུ་མི་འབྲང་ངོ་༔ བསམ་གཏན་མཁན་པོ་ཨ་མོ་གཟོང་ཆུས་བཤད༔ ཆོས་སོ་ཅོག་རྣམས་ཡོད་པ་མ་ཡིན་ནོ༔ བཤད་པ་ཁྱོད་ཀྱིས་མེད་པར་མ་མཐོང་ངམ༔ སྐྱེས་ལས་མ་སྐྱེས་མ་སྐྱེས་སྐྱེས་པར་འགྱུར༔

5-39a

༄༅༔       ༔མཁན་པོ་ཆེན་པོ་དྷརྨོཏྟཱ་རས་བཤད༔ མི་ཤེས་ན་ནི་མི་ཆོས་ལ་འབྲང་ཞེས༔ ཤེས་ན་ལྷ་ཆོས་ལ་ནི་མི་འབྲང་ངོ་༔ ཤེས་ན་རྣམ་པར་ཤེས་པ་གཟུགས་སུ་འདུ༔ སླང.་ན་རྣམ་པར་ཤེས་པ་གཟུགས་ལ་འདུ༔ གཟུགས་ཀྱི་རྒྱུ་ལ་རྣམ་ཤེས་སྐྱེས་མ་ལགས༔ དེ་ནི་གཟུགས་སུ་མི་མཐོང་ཞེས་བྱའོ༔ འཕགས་པའི་མི་སེམས་ནམ་མཁའ་སྟོང་པ་འདྲ༔ སྐྱེ་འགག་མེད་མཐོང་བྱང་ཆུབ་ཅེས་བྱའོ༔ ལོཙྪ་སྐ་བ་དཔལ་བརྩེགས་ཀྱིས་བཤད་པ༔ འཇིག་རྟེན་ཐམས་ཅད་ཡོངས་བཏང་སྟེ༔ རྡུལ་ཙམ་འཛིན་པའི་སེམས་མེད་པ༔ སྦྱིན་པའི་ཕ་རོལ་ཕྱིན་པ་རྫོགས༔ ཉེས་པ་རྡུལ་ཙམ་མི་འབྱུང་བས༔ ཚུལ་ཁྲིམས་ཕ་རོལ་ཕྱིན་པ་རྫོགས༔ ཆོས་དབྱིངས་ངང་ལས་བཟོད་པ་བརྟན༔ བཟོད་པའི་ཕ་རོལ་ཕྱིན་པ་རྫོགས༔ དེ་ཉིད་དོན་ལ་མི་གཡོ་བས༔ བརྩོན་འགྲུས་ཕ་རོལ་ཕྱིན་པ་རྫོགས༔ མཉམ་ཉིད་མི་གཡོ་བདག་མེད་བས༔ བསམ་གཏན་ཕ་རོལ་ཕྱིན་

5-39b

པ་རྫོགས༔ དམིགས་མེད་དོན་ལྟ་རང་རིག་པས༔ ཤེས་རབ་ཕ་རོལ་ཕྱིན་པ་རྫོགས༔ ཆོས་རྣམས་འབྱུང་བ་མེད་པའི་མདོ་ལས་གསུངས༔ སྡིག་སེམས་མུ་སྟེགས་ཅན་གྱིས་ངག་བརྗོད་དམ༔ སངས་རྒྱས་རྣམས་ཀྱིས་གསུང་གང་བཀའ་སྩལ་པ༔ དེ་དག་ཐ་དད་ཚུལ་གྱུར་མེད་པ་སྟེ༔ དེ་ལྟར་ཤེས་ན་དེ་ནི་མགོན་པོར་འགྱུར༔ ཧྭ་ཤང་མ་ཧྭ་ཡཱ་ནས་བཤད་པ་ནི༔ ལུས་ཀྱི་འདུག་ཐབས་སེམས་ཀྱི་གཞག་ཐབས་གཉིས༔ དེ་ལ་ལུས་ཀྱི་འདུག་ཐབས་བསྟན་པ་ནི༔ སྟན་བདེ་བར་འདུག་ལུས་ནི་དྲང་པོར་བསྲངས༔ མིག་གཉིས་སྣ་ལ་བལྟས་ནས་ལྕེ་་ ན་སྦྱར༔ སྐྱིལ་ཀྲུང་དམ་པོ་བཅས་ཏེ་འདུག་པར་བྱ༔ སྒོ་གསུམ་ཡན་པོར་མི་གཏང་སྲོལ་དུ་བཞུགས༔ ལུས་བྲེལ་ངག་ལབ་སེམས་ཡེངས་གནས་ཁོམ༔ གེགས་ནི་མང་ཡང་བྱིང་རྒོད་གཉིས་སུ་འདུས༔ བྱིང་བའི་རྒྱུ་ནི་ས་དང་མེ་ཆུ་རྨུགས༔ བཅུད་ཅན་ཟས་སྐོམ་ངལ་དུབ་རྐྱེན་གཉིད་འཐིབས༔ རྒོད་པའི་རྒྱུ་རྐྱེན་མེ་རླུང་ཤས་ཆེ་ཡུལ་ཕྱིར་འབྲངས༔ ཉམས་

5-40a

༄༅༔       ༔མྱོང་ནང་ནས་ཤར་ན་གེགས་ཕྱིར་སོལ༔ དགེ་སློང་ཡེ་ཤེས་དཔལ་གྱིས་བཤད་པ་ནི༔ མི་གཡོ་ཞི་བ་ཆེན་པོའི་ཏིང་ངེ་འཛིན༔ རྣམ་པར་མི་རྟོག་པ་ལ་ཉིན་མཚན་འཕུལ༔ དོན་དེ་ལྟ་བུ་ཡིན་པར་རིག་པའི་མིས༔ འདུ་འཛི་གཡེང་བའི་གནས་སུ་མི་འདུག་བསྒོམ༔ སྲོད་དང་ཐོ་རེངས་མི་ཉལ་བསམ་གཏན་འདུག༔ ཕྱི་ནང་དྲོད་རྟགས་དབུགས་ཀྱི་འགྱུ་བ་ཆད༔ རྩེ་གཅིག་ལུས་དགོན་སེམས་ཁོ་མཚམས་ལ་འདུག༔ ལ་གསུམ་རྒྱལ་བ་བྱང་ཆུབ་ཀྱིས་བཤད་པ༔ མི་བདེན་བརྫུན་པའི་འདུ་ཤེས་རབ་གཡོས་འཚལ༔ མི་སྤོང་མི་ལེན་ཐབས་ལ་མཁས་ལགས་སོ༔ སློབ་དཔོན་ཞི་བ་མཆོག་རྒྱན་གྱིས་བཤད་པ༔ མཉམ་པར་གཞག་པ་ཁོ་ནའི་སྐབས་ཉིད་ན༔ ཡུལ་དང་རྣམ་པར་རྟོག་པ་མི་སྣང་བ༔ མི་འགོག་པ་ནི་ཐབས་ལ་མཁས་པའི་མཆོག༔ མྱང་བྲན་དཔལ་གྱི་ཡེ་ཤེས་རྒྱལ་མཚན་བཤད༔ འཁོར་འདས་ཆོས་ལ་རེ་བ་སྤུ་ཙམ་མེད༔ དབང་པོའི་སྒོ་

5-40b

གསུམ་ངེས་དོན་མཉམ་པར་གཞག༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་བཀའ་སྩལ་པ༔ ཕྱི་ནང་ཆོས་ཀུན་དཀར་དམར་སྣང་ཡང་སྣང་༔ མཐང་ཡང་མཐོང་སྟེ་ཤེས་ཀྱང་ཤེས༔ དེ་ལྟར་རྣམ་པར་རྟོག་པ་མེད་དང་གཅིག༔ རི་བོང་རྭ་དང་མོ་གཤམ་བུ་ལྟ་བུ༔ ཆོས་མེད་དེ་ལྟར་མི་རྟོག་པ་དང་གཉིས༔ མི་རྟོག་པ་འདྲ་དྲན་པ་མེད་མིན་གསུམ༔ ཁོང་བཅུད་དོན་གཞན་རྩོལ་བ་མེད་དེ་བཞི༔ འདི་བཞི་དུས་གཅིག་སྐད་ཅིག་མ་ལ་བསྒོམ༔ མཁན་པོ་ཨར་ན་མཐར་ཕྱིན་གྱིས་བཤད་པ༔ སེམས་ཉིད་ཇི་བཞིན་ཉིད་དུ་མཉམ་པ་དེ༔ རྣལ་འབྱོར་ངེས་དོན་ལཾ་ལ་ཞུགས་པའོ༔ བསམ་གཏན་མཁན་པོ་འཛེ་མགོ་རྒྱན་གྱིས་བཤད༔ ཆོས་རྣམས་ཇི་བཞིན་ཇི་ལྟར་མ་བཅོས་ན༔ བསམ་གཏན་ཅིག་ཅར་འཇུག་པའི་སྒོ་ཞེས་བྱ༔ མཁན་པོ་ལི་ཞུ་སྙིང་པོ་ཡིས་བཤད་པ༔ དོན་ལ་ཆོས་ཉིད་གང་ཡང་མ་ཡིན་པས༔ ཡིན་པའི་བློ་ནི་ཅིར་ཡང་མ་བཞག་ན༔ རྣམ་པར་མི་རྟོག་དོན་སྒོམ་ཞེས་སུ་

5-41a

༄༅༔       ༔གདགས༔ གསུམ་པ་ཡེ་ཤེས་རྒྱལ་པོ་ཡིས་བཤད་པ༔ ལྟ་བས་འཇལ་བའི་དུས་ན་ཡིན་པ་མེད༔ རང་རིག་མ་སྐྱེས་ཚེ་ན་བརྗོད་དུ་མེད༔ སྒོམ་དུས་བློ་མེད་མཉམ་གཞག་ཅིག་ཅར་འཇུག༔ ལང་འགྲོ་དཀོན་ཅོག་འབྱུང་གནས་ཀྱིས་བཤད་པ༔ བསམ་གྱིས་མི་ཁྱབ་མ་ཉམས་མཉམ་པར་གཞག༔ སྐྱེ་བ་མེད་པར་མ་གྲུབ་འགག་པ་མེད༔ འདི་ལ་སྒོ་ཕུགས་དབུས་མཐའ་གང་ཡང་མེད༔ ལི་ཙ་དྲི་མེད་གྲགས་པའི་མདོ་ལས་ནི༔ གང་ཡང་མ་སྐྱེས་མ་བྱུང་འཇིག་པ་མེད༔ མི་སྐྱེའི་ཆོས་ལ་བཟོད་པ་ཐོབ་པ་ཡིན༔ དེ་ནི་གཉིས་སུ་མེད་པར་འཇུག་པའོ༔ བྱང་ཆུབ་སེམས་དཔའ་དཔལ་སྦས་ཀྱིས་སྨྲས་པ༔ ང་དང་ང་ཡིར་ཞེས་པ་གཉིས་སྣང་ཡང་༔ སྒྲོ་བཏགས་མེད་ན་ང་ཡི་བར་མི་འགྱུར༔ གཉིས་སུ་མེད་པ་དེ་ལ་འཇུག་པའོ༔ བྱང་ཆུབ་སེམས་དཔའ་དེས་འཛུམ་གྱིས་སྨྲས་པ༔ མི་དམིགས་པ་དེ་རྟོག་པས་གསལ་མི་བྱེད༔ མི་སྤྱོད་པ་

5-41b

དེ་གཉིས་སུ་མེད་པར་འཇུག༔ བྱང་ཆུབ་སེམས་དཔའ་སྐར་རྒྱལ་གྱིས་སྨྲས་པ༔ དགེ་དང་མི་དགེ་ཞེས་བྱ་དེ་གཉིས་ནི༔ མཚན་བཅས་དང་ནི་མཚན་མེད་གཉིས་སུ་འཇུག༔ བྱང་སེམས་སེང་གེ་བློ་གྲོས་ཀྱིས་སྨྲས་པ༔ གང་གི་མཉམ་པ་ཉིད་ཀྱི་ཆོས་ཐོས་ནས༔ འདི་ནི་ཟག་བཅས་འདི་ནི་ཟག་པ་མེད༔ གང་འཇུག་མེད་པ་དེ་ནི་གཉིས་མེད་འཇུག༔ བྱང་ཆུབ་སེམས་དཔའ་བདེ་མོས་ཀྱིས་སྨྲས་པ༔ འདི་ནི་བདེ་ལ་འདི་ནི་མི་བདེ་བ༔ གཉིས་ཀ་ཡེ་ཤེས་རྣམ་པར་བྱ་བའི་ཕྱིར༔ མི་ཆགས་དེ་ནི་གཉིས་སུ་མེད་པར་འཇུག༔ བསམ་གཏན་མཁན་པོ་དཔལ་དབྱངས་ཀྱིས་བཤད་པ༔ ལུང་དང་རིགས་པས་ཐག་བཅད་དེ༔ སེམས་ཀྱི་རང་བཞིན་ཡང་དག་ཡིད་ཆེས་བྱ༔ ཧྭ་ཤང་མ་ཧཱ་ཡཱ་ན་ཡིས་བཤད་པ༔ སྡོམ་པ་ཀུན་བརྟགས་ཡིན་པས་བསྲུང་མི་དགོས༔ བསླབ་པ་སེམས་བསྐྱེད་ཡིན་པས་ཉམས་མི་དགོས༔ དམ་ཚིག་གཙང་མ་ཡིན་པས་ཉམས་མི་དགོས༔ སྤྱོད་པ་ལ་འཇུག་

5-42a

༄༅༔       ༔སྤྱོད་པ་རྣམ་བཞི་བསྟེན༔ གཅིག་ནི་འཁོན་ལན་ལྡོན་པའི་སྤྱོད་པ་ཡིན༔ གཉིས་པ་རྐྱེན་གྱི་རྗེས་སུ་སྤྱོད་པའོ༔ གསུམ་པ་ཅིར་ཡང་འཚོལ་རྗེས་སྤྱོད་པའོ༔ བཞི་པ་ཆོས་དང་མཐུན་པའི་སྤྱོད་པའོ༔ དང་པོ་འཁོན་ལན་ལྡོན་པའི་སྤྱོད་པའོ༔ བདག་ལས་སྒོམ་པས་སྡུག་བསྔལ་ཞིག་བྱུང་ཚེ༔ བདག་གི་ཡིད་ལ་དྲན་ཅིང་འདི་སྙམ་སེམས༔ བདག་སྔོན་ཐོག་མ་མེད་པའི་བསྐལ་པ་ནས༔ ཡང་དག་པ་ཡི་ངོ་བོ་ཉིད་སྤངས་ཏེ༔ ཕྱི་ཡུལ་འབྲངས་ནས་སྲིད་པ་སྣ་ཚོགས་འཁྱམས༔ འཁོན་ཞིང་སྡང་བ་མང་དུ་བྱུང་བས་ན༔ ཞེ་འགྲས་བརྡུང་འཚོགས་གནོད་པ་གྲངས་མེད་པས༔ ཚེ་འདིར་གནོད་པ་ཉེས་པ་མ་བྱས་ཀྱང་༔ སྔ་མའི་ལས་ངན་སྡུག་བསྔལ་ཚེ་འདིར་སྨིན༔ ལྷས་མ་བྱས་ཤིང་མིས་མ་བྱས་པ་ཡིན༔ རང་གི་ལས་ལ་གྱུར་པས་འཁང་དུ་མེད༔ བཟོད་ཅིང་མ་འཁང་དུཿཁ་དང་དུ་བླང་༔ བརྡེག་པ་ལ་ནི་བརྡེག་ཅིང་མི་ཁྲོའོ༔ སྡུག་བསྔལ་དང་ཕྲད་མྱ་ངན་མི་བྱེད་

5-42b

པ༔ རང་སེམས་འདི་ལྟར་བྱུང་བའི་དོན་མི་འགལ༔ གཉིས་པ་རྐྱེན་གྱི་རྗེས་སུ་སྤྱོད་པ་ནི༔ སེམས་ཅན་བདག་མེད་ཀུན་ཀྱང་ལས་རྐྱེན་འགྱུར༔ སྡུག་བསྔལ་བདེ་བ་བླངས་ཀུན་རྐྱེན་ལས་སྐྱེས༔ མངོན་མཐོ་འབྲས་བུ་ལོངས་སྤྱོད་ལ་སོགས་ཀུན༔ ཐོབ་དང་སྟོར་བ་དགའ་མི་དགའ་ནི་མེད༔ ཆོས་དོན་མཐུན་ཏེ་རྐྱེན་གྱི་རྗེས་སུ་སྤྱོད༔ གསུམ་པ་ཅི་ཡང་འཚོལ་རྗེས་སྤྱོད་པ་ནི༔ འཇིག་རྟེན་མི་རྣམས་རྒྱུན་པར་བདེ་བ་བསྒྲུབ༔ སྡུག་བསྔལ་བསྒྲུབ་པ་ཅི་ཡང་མེད་ལགས་མོད༔ བདེ་བ་བསྒྲུབས་པས་སྡུག་བསྔལ་སོང་བ་ཡིན༔ ལུས་ཤིག་ཡོད་ན་ཀུན་ལའང་སྡུག་བསྔལ་ཡོད༔ སུ་ཡང་བདེ་བ་ཐོབ་པ་ཅི་ཡང་མེད༔ སེམས་ཅན་བདེ་བར་གནས་ན་བྱར་མེད་བདེ༔ ཡོད་དོ་ཅོག་གི་འདུ་ཤེས་ཞི་བ་ཡིན༔ བཞི་པ་ཆོས་དང་མཐུན་པའི་སྤྱོད་པ་ནི༔ ཆོས་ལ་སེམས་ཅན་དྲི་མ་དང་བྲལ་བ༔ ཡེ་ཤེས་སྤྱན་གྱི་དོན་རྟོགས་ཡིད་ཆེས་ན༔ ཁང་བཟང་ནང་དུ་ལོངས་སྤྱོད་གནས་མི་བྱ༔ གོས་

5-43a

༄༅༔       ༔བཟང་ཟས་ཞིམ་ནོར་ཆེས་ཉོན་མོངས་སོ༔ དཔེར་ན་སྔགས་སྨན་ཡོངས་སུ་ཟིན་པའི་དུག༔ ཁོང་དུ་འཐུངས་ཀྱང་འཆི་བར་མི་ནུས་སོ༔ དེ་བཞིན་ཐབས་ཤེས་མཁས་པས་ཡོངས་སུ་ཟིན༔ ཉོན་མོངས་པ་ལ་སྤྱད་ཀྱང་སྐྱོན་མེད་དོ༔ ལྕགས་ཀྱི་ག་རུ་ཆུང་ཡང་ཆུ་ནང་འབྱིང་༔ སྣོད་དུ་བྱས་ན་ཆེན་པོའང་ཁ་རུ་འཕྱོ༔ སྙིང་རྗེ་ལྡན་ཞིང་བྱམས་སེམས་བརྟན་པའི་ཕྱིར༔ སེམས་དགེ་བ་ལ་ཉེས་པ་མེད་པར་བཤད༔ སྟོན་མུན་ཅིག་ཅར་བ་འཇུག་པའི་སྐབས་ཏེ་བཅུ་གསུམ་པའོ༔       ཐྲཐཉྲརྦྱ།རྦྱ།༔       ༔