༄༅། །བཀའ་ཐང་སྡེ་ལྔ།
ལེའུ་བཅུ་བཞི་པ། བོད་ཀྱི་སྡེ་པ་ལྟ་བ་དབུ་མ་དང་སྤྱོད་པ་ཡོད་སྨྲའི་ལྷ་ཆོས་སྐབས།
上一章
下一章

(ལེའུ་བཅུ་བཞི་པ། བོད་ཀྱི་སྡེ་པ་ལྟ་བ་དབུ་མ་དང་སྤྱོད་པ་ཡོད་སྨྲའི་ལྷ་ཆོས་སྐབས།)

དེ་ནས་བོད་ཀྱི་བཙད་པོའི་བཀའ་ལུང་ལ༔ ང་ཡི་བནྡེ་ཐམས་ཅད་སེམས་བལྟ་ཐབས༔ རྣལ་འབྱོར་དབུ་མའི་གཞུང་དུ་བལྟ་བར་བྱ༔ ལུས་ངག་སྡོམ་པ་སོ་སོར་ཐར་པ་སྟེ༔ རིགས་ནི་རྣམ་པ་བདུན་ནམ་བརྒྱད་བརྟེན་ནས༔ ཐམས་ཅད་ཡོད་པར་སྨྲ་བའི་སྡེ་གཞུང་སྤྱོད༔ སྟོན་མུན་ཅིག་ཅར་འཇུག་པ་དབུ་མ་ཡིན༔ ས་ནི་དང་པོ་དང་ནི་

5-43b

གཉིས་པ་འཐོབ༔ ས་ནི་གསུམ་པ་བཞི་པའི་སྤྱོད་ཡུལ་དུ༔ གསང་སྔགས་ཀྲྀ་ཡ་དང་ནི་ཨུ་པ་བསྟན༔ ས་ནི་ལྔ་པའི་སྤྱོད་ཡུལ་ཡོ་ག་བསྟན༔ ས་དྲུག་སྤྱོད་ཡུལ་མ་ཧཱ་ཡོ་གའོ༔ ས་བདུན་སྤྱོད་ཡུལ་ཨ་ནུ་ཡོ་ག་བསྟན༔ ས་བརྒྱད་པ་ལ་ཨ་ཏི་ཡོ་ག་བསྟན༔ ས་དགུ་པ་ལ་སྤྱི་ཏི་ཡོ་ག་བསྟན༔ ས་བཅུ་པ་ལ་ཡང་ཏིག་ཡོ་ག་བསྟན༔ བཅུ་གཅིག་ཀུན་ཏུ་འོད་ལ་མཐའ་ཆེན་བསྟན༔ ལོ་ཙཱའི་མཆོག་གྱུར་བཻ་རོ་ཙ་ན་ཡིན༔ ཉན་ཐོས་བྱེ་བྲག་པ་ཡི་སྤྱི་དབང་པོ༔ བསྟན་བཅོས་བཤད་མཛོད་བྱེ་བྲག་ཆེན་མོ་ཡིན༔ རྒྱ་དཔེ་བོད་ཁྱོངས་བོད་སྐད་ཤོག་བཅུ་བསྒྱུར༔ ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་འབུམ་ལྔ་པ༔ བྱམས་ཞུས་རྟག་སྡུད་བམ་དགུས་འབུམ་མ་ལོངས༔ ལང་ཀར་གཤེགས་པ་བམ་པོ་བཅོ་ལྔ་བསྒྱུར༔ འདི་ལ་ཤུལ་ལྷག་ཚིག་གཅིག་མ་ལུས་སོ༔ དཀོན་ཅོག་བརྩེགས་པ་ཡི་ནི་གཞུག་མ་ཚང་༔ བམ་པོ་སུམ་ཅུ་རྩ་ལྔས་མ་ལོངས་སོ༔ སངས་རྒྱས་ཕལ་པོ་ཆེ་བརྒྱ་བརྒྱད་མ་

5-44a

༄༅༔       ༔འགྱུར༔ མྱ་ངན་འདས་པ་བམ་པོ་ཉིས་བརྒྱ་དང་༔ བཅུ་གཉིས་མེས་ཚིག་བོད་དུ་མ་འགྱུར་རོ༔ བོད་ཀྱི་སྡེ་པ་ལྟ་བ་དབུ་མ་དང་སྤྱོད་པ་ཡོད་སྨྲའི་ལྷ་ཆོས་སྐབས་ཏེ་བཅུ་བཞི་པའོ༔       ཐྲཐཉྲརྦྱ།རྦྱ།༔       ༔