༄༅། །བཀའ་ཐང་སྡེ་ལྔ།
ལེའུ་ཉེར་གཉིས་པ། བོན་གཏན་ལ་ཕབ་པའི་སྐབས།
上一章
下一章

(ལེའུ་ཉེར་གཉིས་པ། བོན་གཏན་ལ་ཕབ་པའི་སྐབས།)

བོན་རྩིས་སྨན་ཆོས་གཏན་ལ་ཕབ་ཚུལ་དང་༔ ཞེས་པས༔ བོན་རྣམས་ཇི་ལྟར་གཏན་ལ་ཕབ་པ་ནི༔ སེམས་ཅན་ངོ་བོ་སྒྲིབ་པ་བཅུ་སྒྲིབ་ཅན༔ ངེས་ཚིག་བློ་ཡི་དྲི་མ་སྤང་བླང་ཅན༔ དབྱེ་བ་སེམས་

5-69b

ཅན་རིགས་བྱེད་ལྔའམ་དྲུག༔ གཟུགས་མེད་ཡིད་བཅས་ཐེར་ཟུག་སེམས་ཅན་དང་༔ འཁོར་བར་རྒྱུན་དུ་ཞུགས་པའི་སེམས་ཅན་དང་༔ སྐྱེ་བ་རྣམ་པ་བཞི་ལྡན་སེམས་ཅན་དང་༔ ཡང་ཡང་བར་སྲིད་མ་ཡི་སེམས་ཅན་དང་༔ བེམ་སེམས་མ་མཚུངས་རྟག་་་་པའི་སེམས་ཅན་ནོ༔ མི་སོགས་སེམས་ཅན་སྐྱེ་འགུལ་རྟོགས་མ་ལངས༔ སྲིད་པའི་ཁྲི་རྒྱལ་ཁུགས་ཀྱི་ཐུགས༔ སྲིད་པའི་ཕྱི་མོ་མིང་དགུ་སྲིང་དགུ་གཉིས༔ དུས་ཚོད་དེ་ཙམ་ཚེ་ལོ་ཁྲི་པའི་དུས༔ དེ་ནས་མ་སྲིད་དགུ་སྲིད་མ་བྱུང་དགུ་བྱུང་ངོ་༔ སྟོན་པ་གཤེན་རབས་མི་བོ་ནི༔ དེ་ནས་འོག་མིན་ཕོ་བྲང་གནས་ནས་ནི༔ འགྲོ་བ་སེམས་ཅན་དོན་ལ་བྱོན་ཚུལ་ཏེ༔ འོད་ཟེར་ཁ་དོག་སྣ་ལྔ་ཅིར་ཡང་སྣང་བར་སྤྲུལ༔ འོད་ཟེར་རབ་ཏུ་སྤྲོས་པས་འཇིག་རྟེན་ཁམས་རྣམས་ཁྱབ༔ དེ་ནས་ཤིང་ཤོལ་སྡོང་གི་ཁ་ལ་བྱོན༔ འདབ་ཆགས་རྒྱལ་པོ་གཡུ་བྱ་ཁུ་བྱུག་ནི༔ སྐུ་མདོག་བཻ་ཌཱུར་མཐིང་གའི་མདོག་ཆགས་

5-70a

༄༅༔       ༔པས༔ ཐམས་ཅད་ཟིལ་གྱིས་ནོན་པ་བྱའི་རྒྱལ་པོ༔ གསུང་སྙན་ཁམས་གསུམ་སེམས་ཅན་སྤྲོ་བ་བསྐྱེད༔ རིགས་གསལ་འཁོར་འདས་བྱེ་བྲག་མི་སྒྲིབ་པ༔ ཤེས་རབ་བྱམས་མ་གནམ་གྱི་གུང་རྒྱལ་གྱི༔ སྤྱི་བོའི་གཙུག་ཏུ་བབས་ནས་གཤོག་པ་བསྡབས༔ ལན་གསུམ་སྤྲུགས་པས་བྱ་དེའི་གསང་བ་ནས༔ འོད་དཀར་འཚེར་དང་དམར་ལ་དྭངས་པ་གཉིས༔ ཡུམ་གྱི་སྤྱི་བོའི་གཙུག་ནས་མར་ལ་ཐིམ༔ ཡུམ་གྱི་ལྷུམས་ནས་ཐོན་ཏེ་གསུང་སྙན་བསྒྲགས༔ འདི་ནི་གཟིགས་སྟངས་བདུན་གཟིགས་ནས་གཤེགས༔ གཟིགས་སྟངས་རྣམ་པ་བཞི་ལ་གཟིགས་ནས་བྱོན༔ ས་གནས་གང་ལ་གཟིགས་ནས་བྱོན་པ་དང་༔ བསྟན་པ་གང་ལ་གཟིགས་ནས་བྱོན་པ་དང་༔ ཞིང་ས་གང་ལ་གཟིགས་ནས་བྱོན་པའོ༔ དང་པོ་ཁམས་གསུམ་ས་དགུར་གཟིགས་ནས་བྱོན༔ གཉིས་པ་ཚལ་ཆེན་པེ.་གཡུ་ཚལ་དུ་བྱོན༔ 

5-70b

གསུམ་པ་ལས་དག་རིགས་བཙུན་པ་ལ་དགོངས༔ བཞི་པ་རིགས་དྲུག་འཛམ་གླིང་མི་ལ་དགོངས༔ བོན་རྒྱ་མཚོའི་མཆིད་ནམ་བས་ཀྱང་གཏིང་རིང་༔ བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་དང་༔ བོན་གྱི་མཛོད་མི་སུམ་བརྒྱ་དྲུག་ཅུར་བསྡུ༔ དེ་ལ་རྒྱུའི་བོན་བཞི༔ འབྲས་བུའི་བོན་བཞི༔ ཆུ་བོ་བཞི་དང་ཆུ་བྲན་བཞི་སྟེ་བརྒྱད༔ དགོངས་པ་ལ་འཇུག་ལས་ཀ་རྣམ་པ་གསུམ༔ ཐེག་དགུ་གང་གི་སྒོ་ནས་འཇུག་ཀྱང་རུང་༔ ལུས་ཀྱི་ལས་སུ་ཕྱག་རྒྱ་དཀའ་བ་བསླབ༔ ངག་གི་ལས་སུ་སྙིང་པོ་དཀའ་བ་བསླབ༔ ཡིད་ཀྱི་ལས་སུ་ཏིང་འཛིན་དཀའ་བ་བསླབ༔ ཏིང་འཛིན་ལ་ཡན་ལག་འབུམ་དུ་བཤད༔ དེ་ལས་བསྡུས་པས་བརྒྱད་ཅུ་རྩ་གཉིས་སོ༔ དེ་ལས་བསྡུས་པས་བཅུ་དྲུག་བཤད༔ དེ་ལས་བསྡུས་པས་ལྔའོ༔ དེ་ལ་བོན་གྱི་ཐེག་པ་རིམ་པ་དགུའམ་བཅུ༔ ཕྱྭ་གཤེན་ཐེག་པ༔ སྣང་གཤེན་ཐེག་པ༔ འཕྲུལ་གཤེན་ཐེག་པ༔ སྲིད་གཤེན་ཐེག་པ༔

5-71a

༄༅༔       ༔དགེ་གཤེན་ཐེག་པ༔ གཤེན་གྱི་དྲང་སྲོང་ཐེག་པ༔ གཤེན་གྱི་ཨ་དཀར་ཐེག་པ༔ ཡེ་གཤེན་ཐེག་པ༔ ཁྱད་པར་ཆེན་པོའོ༔ མཁུ་པའོ༔ ཕྱྭ་གཤེན་འཇུག་སྒོ་ལྟོ་རིགས་བསུམ་བརྒྱ་དྲུག་ཅུ་དང་༔ དཔྱད་རིགས་བརྒྱད་ཁྲི་བཞི་སྟོང་འཇུག་པའི་སྒོ༔ སྣང་གཤེན་གྱ.ར་སྒོ་བཞི་ནས་འཇུག༔ སྐད་ཀྱི་ལྕོང་དགུ་གར་བབས་བཙན་པོ་གསོལ༔ འཕྲུལ་གཤེན་རྫུ་འཕྲུལ་ཆེན་པོ་བཅུ་གསུམ་དང་༔ ཐབས་ཆེན་དྲུག་གིས་སྦས་གསས་རྔམ་སྒོམ་པ༔ སྲིད་གཤེན་ཤི་ཐབས་སུམ་བརྒྱ་དྲུག་ཅུ་དང་༔ འདུར་སྒོ་ཆེན་པོ་བཞི་ནི་སྨ་བོ་ལྷ༔ དགེ་གཤེན་དགའ་བ་བཞི་དང་དག་པ་གཉིས༔ གཉེན་པོ་གསུམ་སྟེ་ཀུན་ཤེས་འཕྲུལ་རྒྱལ་པོ༔ དྲང་སྲོང་སྦངས་པས་བཅུ་དང་མཚོན་པ་གཉིས༔ སྦྱངས་པ་གཉིས་དང་སྒྲུབ་གསུམ་གཡུང་དྲུང་ཆེ༔ ཨ་དཀར་སྒྲུབ་པའི་ཡན་ལག་བཅོ་བརྒྱད་དང་༔ གཉེན་པོའི་སྒོ་དགུ་འགིང་ལས་ཀྱི་ལྷ༔ ཡེ་གཤེན་

5-71b

འཇུག་པ་རྣམ་པ་བཞི་དང་ནི༔ ཏིང་འཛིན་ཡན་ལག་དྲུག་ཅུ་རྟགས་བཅུ་དྲུག༔ ཁྱད་པར་ཆེན་པོ་ལྷ་གསུམ་དོན་དམ་གཅིག༔ རྩི་ཐོག་མ་ཁུ་བ་ཡི་གདུལ་དགུ་འཇུག༔ ཐེག་བདུན་མར་བོར་ཡེ་གཤེན་ཐེག་པ་བཞུགས༔ རྒྱལ་ལྡོང་གི་སྐད་དུ་ཨི་ཡང་ཞེས༔ ཞང་ཞུང་དམར་སྐད་ཨུ་ཡ་ཨག་ཐམ་ཞེས༔ སྤུར་རྒྱལ་བོད་སྐད་གསང་ངོ་ཁ་ཐམ་ཞེས༔ བོན་གནམ་བབ་རྒྱུ་འབྲས་མི་བསླུ་ཞེས༔ སྟོན་པ་འཆི་མེད་གཙུག་ཕུད་ཀྱིས༔ ཁུ་བྱུག་དགུའམ་ཉི་ཤུ་བདུན་དུ་དབྱེ༔ གཤེན་ལྷ་འོད་དཀར་དྲན་པའི་རྒྱ་རུ་ཆེ༔ དེ་ནས་བོན་གྱི་བསྟན་པ་བཙུགས་ཚུལ་ནི༔ ཕྱྭ་གཤེན་མོ་ལྷའི་རྒྱལ་པོ་སྐྱེས་བུ་བེར༔ ཏ་ཁུ་སྤྱིད་མིང་སྐེ་ཡི་བསྟན་པ་བཙུགས༔ སྣང་གཤེན་གྱེར་སྒྲོག་གར་གསས་བཙན་པོའི་ལྷ༔ མི་བོན་ལྷ་བོན་རྒྱལ་ཁྲིམས་སྣང་བས་བཙུགས༔ འཕྲུལ་གཤེན་བསྟན་པ་སྔས་གསས་རྔམ་པས་བཙུགས༔ སྲད་ཞེན་བསྟན་པ་འདུར་གསས་སྦ་

5-72a

༄༅༔       ༔བོས་བཙུགས༔ དགེ་གཤེན་ཡེ་མཁྱེན་འཕྲུལ་རྒྱམ་བཙུགས༔ དྲང་སྲོང་འདུལ་ཁྲིམས་སྒྲོག་པའི་བསྟན་པ་ནི༔ ཐེག་དྲུག་གཡུང་དྲུང་ཚེ་ཡི་རྒྱལ་པོས་བཙུགས༔ ཨ་དཀར་བསྟན་པ་གསང་བ་འདུས་པས་བཙུགས༔ ཡེ་གཤེན་བསྟན་པ་གཡུང་དྲུང་ཡེ་དབང་རྒྱལ་པོས་བཙུགས༔ ཐེག་དགུ་ཁྱད་པར་ཆེན་པོ་སེམས་ཀྱི་བོན༔ གཤེན་པོ་ཚད་མེད་འོད་ལྡན་བསྟན་པ་བཙུགས༔ མ་དགུ་གཤེན་པོ་ཚད་མེད་འོད་ལྡན་གྱིས༔ ནམ་མཁའི་དབྱིངས་སུ་དཀའ་བ་སྤྱོད་ཅིང་སྒོམ༔ ཡབ་ཡུམ་འཁོར་བཅས་ཕུང་པོ་ལྷག་མེད་སོང་༔ དེ་ནས་བོན་པོ་འཕྲུལ་གཤེན་སྣང་ལྡན་གྱིས༔ རི་རབ་ཟོམ་ལ་དཀའ་བ་སྤྱད་ཅིང་སྒོམ༔ ཡབ་ཡུམ་འཁོར་བཅས་ཕུང་པོ་ལྷག་མེད་སོང་༔ རྒྱལ་པོ་གྲི་གུམ་བཙན་པོའི་རིང་ལ་ནུབ༔ རྒྱལ་པོའི་ཆབ་སྲིད་དེ་ནས་ཉམས་པ་ལགས༔ རྒྱ་བོད་གཉིས་ཀྱི་སོ་མཚམས་ན༔ ལྷོ་རི་ལ་སྤང་བྱ་བའི་རི༔ མོན་གྲ་

5-72b

ཧེ་ད་བྱ་བ་ཡོད༔ ཤིང་མུ་ལེ་གྲུབ་ཤིང་སྡོང་པོ་ནི༔ འདོམ་པ་བཅུ་དྲུག་པ་ཞིག་ཡོད༔ དེ་ལ་ཁུ་བྱུག་སྟོན་འབྲིང་གི༔ ཚེས་གསུམ་ནམ་ལངས་སྐད་འདོན་ནོ༔ བོན་གྱི་བློན་པོ་ལི་སྟག་མ་ཧཱ༔ བོན་བློན་མ་ཧཱ་ཁྲ་མི༔ བྱ་རྒྱལ་རིག་པའི་ཁུ་བྱུག་དེ༔ ལྷ་རི་སྤོ་མཐོན་ཤེལ་གྱི་རྡོ་རིང་ཁར༔ དབྱར་ཟླ་ར་བའི་ཚེས་བཅུ་དྲུག་ལ་བབས༔ བོན་གཏན་ལ་ཕབ་པའི་སྐབས་ཏེ་ཉེར་གཉིས་པའོ༔       ཐྲཐཉྲརྦྱ།རྦྱ།༔       ༔