༄༅། །བཀའ་ཐང་སྡེ་ལྔ།
ལེའུ་ཉེར་བརྒྱད་པ། ཕྱི་མ་ཅི་འགྱུར་བསྟན་པའི་སྐབས།
上一章
下一章

(ལེའུ་ཉེར་བརྒྱད་པ། ཕྱི་མ་ཅི་འགྱུར་བསྟན་པའི་སྐབས།)

ཕྱི་མ་ཅི་འགྱུར་འདི་ལྟར་ཤེས༔ རྒྱལ་པོའི་གཙུག་ལག་ཁང་འདི་ཡང་༔ འདུ་བྱས་ཡིན་པས་ལན་ཅིག་འཇིག༔ མི་ལོག་ཕ་ལ་བུས་མི་ཉན༔ བཟང་སྤྱོད་མི་བྱེད་རྒྱལ་ཁྲིམས་འཇིག༔ འོད་སྲུངས་ཡུམ་བསྟན་གཉིས་སུ་གྱེས༔ བོད་ཀྱི་བསྟན་པ་ཉམས་པར་འགྱུར༔ དེ་དུས་སྐྱིད་མེད་སྡུག་བསྔལ་ཡིན༔ བོད་ཀྱི་འགྲོ་བ་སྙིང་རེ་རྗེ༔ ལྷ་འབོད་ཀླུ་འབོད་ཨ་རེ་སྡུག༔ དུས་ལོག་དགེ་ལོག་བྱ་ལོག་བྱེད༔ རྒྱལ་པོ་ལྗང་ཚ་ལྷ་དཔོན་གྱི༔ གཉན་ཚོའི་དཔོན་པོ་གཉགས་ཀྱིས་བྱེད༔ གཉགས་ནི་ཁྲི་བཟང་ཡང་གདོན་སྐྱོངས༔ འོད་སྲུངས་སྲས་པོ་མདའ་བདག་དཔལ་འཁོར་གྱིས༔ གཉགས་ཕྱེད་གཙང་དུ་སྤྱུགས་པར་འགྱུར༔ འབྲོ་ཕྱེད་ཡར་ཀླུངས་གནོན་པར་འགྱུར༔ མངའ་བདག་དཔལ་འཁོར་བཙན་པོ་ལ༔ ཀླུ་ནི་མལ་གྲོ་གཟི་ཅན་ཁེངས་ལོག་འབྱུང་༔ ཟངས་གྲི་མཚོ་དམར་

5-89b

ཀླུ་ནི་གླང་དམར་པོ༔ གཉགས་ནི་རྩེ་པ་ལ་ཞུགས་དཔལ་འཁོར་བཀྲོངས༔ འཇིག་རྟེན་འཕེལ་འགྲིབ་ཐམས་ཅད་ལྷ་འདྲེས་བྱེད༔ མ་འོངས་དུས་ངན་སྡེ་བརྒྱད་བསྟན་པ་འོང་༔ གླང་དམར་བློན་པོ་འགྲོ་ཡིས་བསད་བས་ལན༔ སྦལ་རྒྱལ་ཏོ་རེ་སྡིག་རྩ་བསྐྱེད་པ་ཡིན༔ དེ་ཡི་མི་ཤ་ལོ་པོ་ལོ་ཆུང་བློན༔ འགྲོ་གྲངས་མེད་པ་བསམ་ཡས་ནང་འདིར་གསོད༔ ཆུ་ནི་ཁྲག་གིས་དམར་པོར་འགྲོ་བ་འབྱུང་༔ ཚུར་ལོག་ཙ་ན་རོ་ལ་མི་ཐར་འབྱུང་༔ རྣམ་པར་སྨིན་པ་ཚ་བའི་ནད་ཀྱིས་གདུངས༔ གངས་ཐོག་ཉིལ་ཀྱང་གངས་རྣམས་ཞུ་བར་འགྱུར༔ ལོ་པོ་ལོ་ཆུང་སྤ་བཟའ་ངན་མ་ཡིས༔ སློབ་དཔོན་དཔལ་དབྱངས་ཞབས་ཏོག་བྱེད་པ་འབྱུང་༔ མ་དེས་སློབ་དཔོན་ཉམས་སྐོངས་བཤགས་པ་ཞུ༔ དགོས་ཆ་ཅི་དང་ཅི་ཡོད་ཞུ་བར་འགྱུར༔ དམ་ཚིག་ཉམས་པ་བཤགས་པ་ལ༔ ཡས་རྟགས་ཤིན་ཏུ་དཀའ་བ་ཡོད་དོ་ཟེར༔ ལུག་ནི་དཀར་པོ་བརྒྱ་དང་

5-90a

༄༅༔       ༔ནག་པོ་བརྒྱ༔ ནས་ཁལ་དཀར་མོ་བརྒྱ་དང་ནག་པོ་བརྒྱ༔ བྱ་མོ་དཀར་མོ་བརྒྱ་དང་ནག་པོ་བརྒྱ༔ ཁྱི་རིགས་དཀར་པོ་བརྒྱ་དང་ནག་པོ་བརྒྱ༔ གང་ནས་དཀའ་བ་ཐམས་ཅད་དགོས་ཟེར་འགྱུར༔ དེ་ཙམ་ག་ནས་རྙེད་ཟེར་མོ་ལོག་འགྲོ༔ དཔལ་དབྱངས་ངག་བརྗོད་བུ་ལ་སྨྲ་བར་འགྱུར༔ བུ་ནི་བློན་པོ་ཁྱད་པར་ཅན་ཡིན་པས༔ ཞག་གསུམ་ནང་དུ་ཡས་རྟགས་རྙེད་པ་འབྱུང་༔ དཔལ་དབྱངས་བསྙན་དཀའ་གདགས་པ་མི་རྙེད་འབྱུང་༔ བཤགས་པ་བྱས་པས་ཁོང་གཉིས་ན་ཚ་ཀུན༔ བྱིན་རླབས་ཀྱིས་ནི་དུས་དེར་ཞི་བར་འགྱུར༔ ཉམས་གྲིབ་ཕོག་པས་ཤངས་ནས་ཁྲག་འཛག་འབྱུང་༔ རྟགས་དང་མཚན་མ་ངན་པ་ཐམས་ཅད་འབྱུང་༔ བཤགས་པ་བརྒྱ་དང་རྩ་བརྒྱད་བྱེད་པ་འབྱུང་༔ བླ་མེད་བྱང་ཆུབ་ཐོབ་པར་བྱེད་པ་ལ༔ བླ་མ་མཚན་ཉིད་ལྡན་པ་ལ་བརྟེན་དགོས༔ བླ་མ་མཚན་ལྡན་གར་ན་བཞུགས་པ་ན༔ བྱ་དང་རི་དྭགས་

5-90b

ཐམས་ཅད་བདེ་བ་ཡིན༔ ཡོན་བདག་ཕོ་མོ་ཐམས་ཅད་སྡིག་སྒྲིབ་འདག༔ རྟེན་འབྲེལ་ཆེ་བ་སྣ་ཚོགས་བསྒྲིགས་ནས་སུ༔ འགྲོ་བ་སེམས་ཅན་གྱི་ནི་དོན་བྱེད་ཡིན༔ ནམ་མཁའ་ལ་ནི་ཉི་མ་ཤར་བ་འདྲ༔ ངོ་མཚར་ཆེ་བའི་རྟགས་མཚན་བཞུགས༔ བདག་འདྲ་པདྨ་འབྱུང་གནས་ང་༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ དྷ་ན་ཀོ་ཤའི་མཚོ་གླིང་དུ༔ མེ་ཏོག་ཐམས་ཅད་རྒྱལ་པོ་ནི༔ ཨུ་དུམ་ཝ་ར་ཞེས་བྱ་བ༔ མཚན་མོ་ཆུ་ཡི་ཁར་འབྱུང་བས༔ རི་ཀླུངས་མེད་པར་འོད་ཀྱིས་ཁེངས༔ ཉིན་མོ་ཉི་མས་གཏིང་བྱིང་བས༔ རྒྱ་མཚོ་ཆེན་པོ་བྱིན་དང་ལྡན༔ དེ་ལྟ་བུ་ལ་རྫུས་ནས་སྐྱེས༔ སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ༔ མངོན་པར་ཤེས་པ་མཐའ་དག་ལྡན༔ ལྷ་མིག་མངོན་པར་ཤེས་པ་ཡིས༔ འཁོར་འདས་དུས་གསུམ་ཐམས་ཅད་གཟིགས༔ སྙན་གྱི་མངོན་པར་ཤེས་པ་ཡིས༔ འཁོར་འདས་དུས་གསུམ་སྒྲ་རྣམས་མཁྱེན༔ ཐུགས་ཀྱི་མངོན་

5-91a

༄༅༔       ༔པར་ཤེས་པ་ཡིས༔ ཕ་རོལ་ཅི་སེམས་ང་ཡིས༔ སྔོན་གྱི་གནས་རྣམས་རྗེས་སུ་དྲན༔ ད་ལྟ་མི་བརྗེད་གཟུངས་རྣམས་ཐོབ༔ ཟག་བཅས་མངོན་པར་ཤེས་པ་དྲུག༔ ཟག་མེད་མངོན་པར་ཤེས་པ་ལྔ༔ ཕྱི་རབས་འོང་ཚུལ་ཐམས་ཅད་ཤེས༔ དུས་ལན་ཅིག་ན་ཧོར་བོད་འཇོམས༔ ཕྱིན་ཅི་ལོག་ལ་དབང་ཆེ་བ༔ གོང་གི་མིང་ཅན་བོད་མཁར་སྒྱེལ༔ ཤིན་ཏུ་རྩུབ་འགྱུར་ཆེ་བ་འབྱུང་༔ ཉོན་མོངས་པ་ལ་བརྩོན་འགྲུས་ཆེ༔ ཨ་ཡི་མིང་ཅན་ཧོར་དུ་བརྩི༔ བོད་ཀྱི་བདེ་སྐྱིད་ཆུ་ལ་འབོད༔ སྟོང་གི་མིང་ཅན་སེང་ལྟར་འཕྱོ༔ ལུས་སེམས་སྲེག་པའི་དཔོན་པོ་བསྐོ༔ ས་ཡི་མིང་ཅན་དབུས་གཙང་འཁྱམས༔ མཐའ་ཡི་མིང་ཅན་དབུས་སུ་རྡབ༔ ས་སྐྱ་པཎ་ཆེན་བྱང་རིན་བཙན༔ བསམ་ཡས་གཡུ་ཡི་ལྷ་མོ་འཁྱེར༔ རང་གཞན་གཉིས་ཀ་འཕུང་བ་འབྱུང་༔ ཁ་སྐད་ངན་པ་སྣ་ཚོགས་པ༔ ལོ་ཡི་རིགས་ལ་འགྱུར་ཞིང་འོང་༔ བདེ་ཡངས་ས་ཆ་

5-91b

འཛིན་མཁན་མེད༔ གཅིག་ཚོགས་གཉིས་ཚོགས་ཁྲལ་ལ་ལབ༔ འགོང་པོ་ལུས་སྒྱུར་ཧོར་སྣ་འདྲེན༔ རྒྱལ་བརྒྱུད་མི་ལ་འབངས་ཆེན་འབྱུང་༔ རང་དབང་རང་གིས་མ་ཐོབ་སྡུག༔ སངས་རྒྱས་ཐུགས་རྗེས་སྐྱོབ་མ་ནུས༔ བོད་མི་བསོད་ནམས་ཉམས་ནས་འགྲོ༔ ཆོས་ཀྱི་བྱིན་རླབས་ཡལ་བའི་དུས༔ ལྟོ་ཕྱིར་རབ་བྱུང་བསྙེན་པར་རྫོགས༔ དགེ་འདུན་མགོ་ལ་རྒྱ་ཞྭ་གྱོན༔ ཧོར་ཆས་བྱས་ནས་མི་དགེ་གསོག༔ ནུས་པ་ཅི་འདུག་རྡུལ་ཡང་སྤྲུག༔ ཡ་རབས་གོང་མའི་སྟེང་དུ་བརྙས༔ ལས་ངན་ཧོར་ལ་བཀུར་བསྟི་འབྱུང་༔ མཛེ་དང་དམུ་རྐོང་ནད་ཡམས་འབྱུང་༔ འབྲུམ་ནག་མེ་དབལ་རིམས་ནད་འབྱུང་༔ གག་ལྷོག་གཟེར་གསུམ་གཉན་ནད་འབྱུང་༔ ལོ་ཤི་མུ་གེ་བསྟུད་མར་འབྱུང་༔ སད་སེར་བཙའ་དང་སྐྱ་མུག་འབྱུང་༔ ཆར་ཆུ་མི་འབབ་ཐན་ཆེན་འབྱུང་༔ ནམ་ཟླ་དུས་ཚོད་འཁྲུགས་ནས་འགྲོ༔ པད་འབྱུང་

5-92a

༄༅༔       ༔ཐུགས་རྗེས་སྐྱོབ་བམ་ལྟ༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ཉིད༔ སྐུ་གསུང་ཐུགས་ཡོན་འཕྲིན་ལས་ལྔ༔ འཕྲུལ་ལྔ་སྒྱུར་བའི་སྟོབས་སུ་འགྱུར༔ འདྲ་མིན་གཅིག་དང་མ་ནོར་ན༔ གཟུགས་སྐུ་གཉིས་ཀྱིས་འགྲོ་དོན་མཛད༔ བྱང་མི་འདུལ་སྐྱོང་གནམ་སའི་བདག༔ ས་ཧོར་ཆམ་ལས་འབེབས་པ་འབྱུང་༔ བློན་པོ་དབུ་རྨོག་བཙན་པ་འདི༔ རྒྱ་དྲུག་བཏུལ་བའི་རྣམ་སྨིན་བརྡོལ༔ མ་སངས་རྒྱལ་ཞེས་བྱ་བ་འབྱུང་༔ བློན་ཁྲི་ཐོག་རྗེ་ཐང་ལ་འབར༔ ལྷོ་གཉོས་འབུམ་གྱི་མིང་ཅན་འབྱུང༔ ཕལ་ཆེར་མཚོན་དང་དུག་གྲིར་འཆི༔ ཅོག་རོ་སྐྱེས་བཟང་བློན་པོ་འདི༔ ས་མདུད་ཡར་འབྲོག་སྣ་དཀར་དུ༔ ཀུན་གྱི་མིང་ཅན་ངན་བྱེད་འདུལ༔ རྟག་པར་འཐབ་རྩོད་བྱེད་པ་འབྱུང་༔ བློན་པོ་མ་ཞང་ཁྲོམ་པ་སྐྱབས༔ འབྲི་ཞེས་བྱ་བའི་སྡེ་དགོན་དུ༔ ཡེ་ཤེས་མིང་ཅན་ཧོར་སྔོ་འབྱུང་༔ ད་ལྟའི་སྦ་མི་གསལ་སྣང་འདི༔ ཚལ་ཐང་བྱེ་

5-92b

མ་ཐང་ཞེས་པར༔ དགའ་ཡི་མིང་ཅན་དཀོན་གཉེར་འབྱུང་༔ བསྟན་པའི་དགེ་འདུན་ཟས་གོས་སྐྱོང་༔ སྟག་སྣ་ལྡོང་གཟིགས་བློན་པོ་འདི༔ རྒྱ་མ་ཞེས་པའི་སྡེ་དགོན་དུ༔ ཤཱཀྱའི་མིང་ཅན་གནས་བརྟན་འབྱུང་༔ ཁ་སྐད་གསོད་ཤི་གཉིས་སུ་གཏོང་༔ སྦས་པ་གནམ་བཞེར་ཟླ་བཙན་ཁྱོད༔ བྱ་ཡུལ་གླང་ཆུང་བཀའ་གདམས་བསྟན་པ་འཛིན༔ ལྷ་བཙུན་མིང་ཅན་བྱང་ཆུབ་སེམས་དཔའ་འབྱུང་༔ དམག་དཔོན་ཁྲི་བཟང་ཡབ་ལྷག་འདི༔ ཡང་སྐྱེས་ཡང་ཤི་འཁོར་བའི་གནས་སུ་འཁྱམས༔ དུས་ལན་གཅིག་ན་སྟག་ལུང་ན༔ གནོད་སྦྱིན་མིང་ཅན་དད་པ་ཆེ༔ སྒོམ་གྱི་བསྟན་པ་རྒྱས་བྱེད་འབྱུང་༔ མཆིམས་པ་རྒྱལ་གཟིགས་ཀླུ་མཐོང་འདི༔ སྤྲུལ་སྐུས་དོན་མཛད་བྱང་ནི་ར་བསྒྲེང་དུ༔ ཆོས་ཀྱི་འབྱུང་གནས་འབྲོམ་སྟོན་འབྱུང་༔ དགེ་དང་ཡིག་ཚངས་ཆོས་རིགས་རྣམ་གསུམ་བསྟེན༔ ངན་ལམ་རྟ་ར་ཀླུ་གོང་འདི༔ འབྲི་གུང་

5-93a

༄༅༔       ༔སྐྱུ་རའི་ཕྱོགས་སུ་འབྱུང་༔ ཀུན་དགའི་མིང་ཅན་དད་པ་ཅན༔ དེ་དུས་བསྟན་པའི་ཁ་འཛིན་བྱེད༔ མཆིམས་པ་རྡོ་རྗེ་སྤྲེ་ཆུང་འདི༔ ཁམས་ས་མེ་འབར་གོ་ཚབ་སྐྱེ༔ རྫུ་འཕྲུལ་ཡ་ཟུང་སྡིག་དཔོན་འཇོམས༔ ལྷ་བཟང་ཀླུ་དཔལ་དམག་དཔོན་འདི༔ ཡུལ་ལ་སྔ་པ་ཡར་ཀླུངས་ནང་༔ གཞོན་ནུའི་མིང་ཅན་གྱད་ཧེར་སྐྱེ༔ འཕྲལ་ལ་མི་རྟག་ལོག་ཅིང་འགྱུར༔ བློན་པོ་ཁྲི་འབྲིང་ལྷ་ལོད་འདི༔ ཤངས་པའི་གནས་བརྟན་རྒྱལ་མིང་སྐྱེ༔ ཧོར་ཁྲིམས་གདུང་འཚོབ་ཡི་གླང་འབྱུང་༔ རྒྱ་ཚ་ལྷ་སྣང་སྣ་ནམ་ཞང་༔ རྒྱ་ནག་བུམ་ཞིམ་ཞེས་བྱ་བར༔ ཧ་ཡི་མིང་ཅན་རྒྱལ་བརྒྱུད་འཛིན་པ་འབྱུང་༔ ཀླུ་ཁེངས་ལོག་པས་གཡོན་བྱེད་གཡོ༔ ཤུད་བུ་དཔལ་གྱི་སེང་གེ་འདི༔ རྒྱ་ནག་ཤིང་དྷི་ཧུ་ཤ་སྤྲིང་༔ རྒྱ་བོད་ཧོར་གྱི་བདག་པོ་འབྱུང་༔ ཞང་ནི་ཉེ་བཟང་བློན་པོ་འདི༔ བྱང་ཆུབ་མིང་ཅན་རྒྱ་གར་འགྲིམ༔ རྒྱ་ནག་རྒྱལ་པོར་ཕན་འདོགས་འོང་༔ བློན་

5-93b

ཆེན་ལོ་ནི་ཏི་གུ་སྣང་༔ བཟད་གཞུ་སྙེ་ཡི་ས་ཆ་རུ༔ ཞང་ཚུལ་རིན་བློས་སྟོབས་པོ་ཆེ༔ གཞུང་ལུགས་བཟང་པོ་བསྐྱེད་པ་འབྱུང་༔ བློན་པོ་མི་འགེ་ལྷ་ལུང་གཟིགས༔ སྒྲོལ་མའི་ཞིང་ཁམས་ཡར་ཀླུངས་འཆོས༔ རྡོ་རྗེའི་མིང་ཅན་གདུག་རྩུབ་འབྱུང་༔ འདུན་མ་སྤྱི་སྒོས་གཉིས་སུ་འགྲོ༔ བྷ་སང་ཤི་ཏ་བློན་པོ་འདི༔ ཀ་བ་ཡུལ་གྱི་ལྡུམ་ར་ཞེས༔ འོད་ཀྱི་མིང་ཅན་འབད་འབུངས་འབྱུང་༔ མ་ཐུབ་དགྲ་ལ་དགའ་ཚུལ་སྟོན༔ བློན་གཉེར་སྟག་མཚན་གདོང་གཟིགས་འདི༔ ལ་སྟོད་བྱང་སྟོད་འམ་ཞེས་སུ༔ ནམ་མཁའི་མིང་ཅན་ལ་སྟོད་ཁ་ལོ་སྒྱུར༔ རྒྱལ་ཁམས་དབྱེན་དང་འཁྲུགས་པས་འགེངས༔ དུས་ཀྱི་སྙིགས་མ་ལྔ་བརྒྱའི་དུས༔ འཁྲུག་པ་མང་ཞིང་མུ་གེ་མོད༔ ནད་རིགས་མང་ཞིང་ཐན་པ་ཆེ༔ ལོ་ཉེས་བསྟུད་མ་ཕྱུགས་ཉེས་མང་༔ ཚེ་ཡི་སྙིགས་མ་དྲུག་ཅུ་རལ༔ དེ་ཡང་གློ་བུར་སྐྱེ་འཆི་མང་༔ ཟས་ཀྱི་སྙིགས་མ་རྒྱུ་བཀོལ་ཟ༔

5-94a

༄༅༔       ༔སྔོན་གྱི་མ་རྨོས་ལོ་ཏོག་ཟད༔ ས་ཞག་ལ་སོགས་ཟ་བ་མེད༔ སོ་ནམ་ཟུང་བཞི་ལ་བརྒྱད་སྤྱད༔ བྲ་ཟན་ཟ་ཞིང་ས་ཡང་ཟ༔ ཉོན་མོངས་སྙིགས་མར་བཟོད་པའི་གོ་ཆ་ཤོར༔ གཉེན་པོ་ཡེ་ཤེས་སྟེར་བར་དཀའ༔ དཀོན་ཅོག་གསུམ་གྱིས་མ་ཐུལ་ཁེངས༔ ལྟ་ལོག་ཡིན་ལུགས་དོན་མ་རྟོགས༔ ཁ་ཏ་བཟང་པོ་ཚིག་ལ་ཞེན༔ ཀུན་ཏུ་བརྟགས་པའི་བདག་ལྟ་ལོག༔ དེ་ལོག་པས་ན་སྤྱོད་པ་ལོག༔ དེ་ནས་འབྲས་བུ་ལོག་པའི་དུས༔ མ་རབས་ངན་པའི་ལད་མོ་གཤོམ༔ ལས་ངན་འཁྲུག་པ་ནང་ནས་གཡོ༔ དུས་ངན་འདི་འདྲ་འོང་བ་ཟེར༔ ཕྱི་ནང་ལྷ་འདྲེ་སྡེ་འཁྲུག་དང་༔ ལྷ་འདྲེ་མི་གསུམ་ཁེངས་ལོག་འབྱུང་༔ ལྷ་ཡི་ཁེངས་ལོག་བྱུང་ཙ་ན༔ རྫུན་ལུང་མཁན་ལ་ཡིད་ཆེས་གཏོད༔ ནག་པོ་ཕྱོགས་རྒྱས་མུན་པར་འགྱུར༔ ཕ་ཚན་ནང་དུ་དུག་གཤོམ་འོང་༔ བཙན་གྱི་ཁེངས་ལོག་བྱུང་ཙ་ན༔ གཡོག་པོ་མི་ཉན་དཔོན་ལ་བདོ༔

5-94b

བུ་ཡིས་ཕ་རྡུང་ཕོ་ནུ་གསོད༔ ངན་པའི་རྗེས་སུ་འཇུག་ཏུ་འོང་༔ བདུད་ཀྱི་ཁེངས་ལོག་བྱུང་ཙ་ན༔ མི་སྐྱ་ཐམས་ཅད་ངུར་སྨྲིག་གྱོན༔ སྐྱེ་བོའི་ཁྱིམ་ཐབ་བཅུན་མས་བྱེད༔ བུད་མེད་ཞ་ལོག་ལྷམ་ལོག་གྱོན༔ ཕོ་སྐད་འདོན་ཅིང་ཕྱོགས་མེད་འཕྱོ༔ མི་ཆོས་བསྟན་པ་ནུབ་པའི་རྟགས༔ གཟའ་ཡི་ཁེངས་ལོག་བྱུང་ཙ་ན༔ ནམ་མཁའ་ཁྲག་གི་མདོག་ཏུ་འགྲོ༔ ཉི་ཟླ་གཉིས་པོ་དུས་གཅིག་འཆི༔ ཆར་ཆུ་མི་སྙོམས་མུ་གེ་འབྱུང་༔ མི་སྤྱོད་གློ་བུར་འགྱུར་ནས་འགྲོ༔ རྗེ་འབངས་མི་འཆམ་ནང་གྱེས་བྱེད༔ གནོད་སྦྱིན་ཁེངས་ལོག་བྱུང་ཙ་ན༔ མ་རབས་གོང་མའི་སྟེང་དུ་སྙེག༔ བཀྲ་མི་ཤིས་པའི་མདུན་མ་གཤོམ༔ ས་གཡོས་ས་འགུལ་ཆེན་པོ་འབྱུང་༔ འཛམ་བུ་གླིང་གི་རྒྱལ་བྲན་འཁྲུག༔ གཅིག་ལ་གཅིག་གིས་དམག་དྲངས་ནས༔ འཁྲུག་པ་ཆེན་པོ་འབྱུང་བར་འགྱུར༔ དེ་དུས་ལྷ་ཆོས་བསྟན་པ་ཉམས༔ གཙུག་ལག་ཁང་དུ་བཤས་ཁང་བྱེད༔ གསུང་

5-95a

༄༅༔       ༔རབ་ཆོས་ལ་མལ་སོགས་བྱེད༔ སངས་རྒྱས་རྟེན་མཆོད་མགར་ཚང་འགྲིམ༔ ཡུལ་འཕུང་རྒྱལ་པོ་སྡིག་ཅན་འབྱུང་༔ རྒྱལ་པོའི་ཁེངས་ནི་ལོག་ཙ་ན༔ གཙུག་ལག་ཁང་རྣམས་རེ་ཧྲུལ་འགྱུར༔ བླ་མ་བཟང་པོ་སྐུ་ཚེ་ཐུང་༔ སངས་རྒྱས་དག་པའི་ཞིང་དུ་བཞུད༔ དད་ཅན་ལམ་སྣ་ཁྲིད་མཁན་མེད༔ ནུས་པ་སྡིག་ཕྱོགས་འདོན་པ་འབྱུང་༔ མ་མོའི་ཁེངས་ལོག་འབྱུང་ཙ་ན༔ རྒྱལ་ཁམས་ཐམས་ཅད་ནད་ཡམས་འགེངས༔ དམའ་ཧཾ་དུག་གསུམ་མཐོན་པོ་གསོད༔ ཡུལ་དབུས་ཁྲག་གི་རྒྱ་མཚོར་འཁྱིལ༔ ཐེའུ་རང་ཁེངས་ལོག་བྱུང་ཙ་ན༔ སྙིང་དུ་འདྲེ་ཞུགས་རྒྱལ་ཁྲིམས་འཇིགས༔ འཛམ་གླིང་འདི་རུ་སྡེ་བརྒྱད་འཁྲུག༔ རྟ་ཤིང་རྩེ་རུ་དམག་དཔུང་འཆའ༔ ཕྱོགས་ནས་དམག་ཏུ་སྙིལ་ནས་ཁྲིད༔ མི་གཅེས་ཚེ་ཟད་མང་དུ་འཕྱུང་༔ ཀླུ་ཡི་ཁེངས་ལོག་བྱུང་ཙ་ན༔ མི་འདོད་ཐམས་ཅད་ནང་

5-95b

ནས་འབྱུང་༔ འདོད་དགུ་འབྱུང་བ་ལྷ་འདྲེས་འཕྲོག༔ ན་ན་དགའ་སྟེ་ནར་མི་བཏུབ༔ ཤི་ན་དགའ་སྟེ་འཆིར་མི་བཏུབ༔ ཡོད་ན་དགའ་སྟེ་ཡོད་མི་བཏུབ༔ འཚོ་བའི་ཡོ་བྱད་བདུད་ལ་འབོད༔ བཀྲ་མི་ཤིས་པ་མི་ཡིས་བྱས༔ བཀའ་ཆད་སངས་རྒྱས་བསྟན་ལ་འབྱུང་༔ སྔར་སྲོལ་ཆོས་ཁྲིམས་རྒྱལ་ཁྲིམས་ཞིག༔ ཟོ་ཐང་གོང་རིའི་རི་བརྒྱུད་དུ༔ ལྷ་ཁང་འོབས་ཀྱིས་བསྐོར་བ་འབྱུང་༔ དཀོན་གཉེར་མིག་གསུམ་ལག་པ་བཞི༔ ལྕེ་གཉིས་ཡོད་པ་གདུག་རྩུབ་ཅན༔ གཞུ་འདོམ་བཅོ་བརྒྱད་མཐོ་བཅུ་པ༔ ལྷ་འདྲེས་མངའ་གསོལ་དུར་གཉན་གཡེང་༔ གནམ་རི་སྲོང་བཙན་སྐྱེ་བ་འབྱུང་༔ མལ་གྲོ་གཟི་ཅན་ཁེངས་ལོག་འབྱུང་༔ ཧོར་རྒྱལ་ཁ་ལ་རྒྱ་མི་ཉན༔ མདུང་དམར་རྒྱ་གླིང་ཟངས་རྔ་གླིང་༔ ཀླུ་ཡི་ལག་རྟགས་བོད་དུ་འབྱུང་༔ ཧོར་གྱི་བསྟན་པ་ཉམས་པའི་རྟགས༔ ཚོང་དཔོན་ནག་པོའི་ཁེངས་ལོག་འབྱུང་༔ འབྲུག་ནི་ཐང་བབས་མཚོ་ཆུ་འཐུང་༔ ཁམས་ཀྱི་བྱ་ཐུལ་ཁེངས་

5-96a

༄༅༔       ༔ལོག་འབྱུང་༔ དུང་གིས་ཆུ་སྲིན་གསོད་པ་འབྱུང་༔ ས་འགུལ་ཆེན་པོ་འབྱུང་བར་འགྱུར༔ གངས་གཅུང་སྤ་གྲོ་སྐྱེར་ཆུའི་ལྷ༔ ཁ་རྒྱལ་ཞྭ་མོ་འོད་ཁེངས་ལོག༔ དབུས་གཙང་ཁམས་གསུམ་རྟ་རྣམས་སྡུད༔ འཁོར་གདུག་པ་ཅན་བཞི་ཁེངས་ལོག༔ དམ་སྲི་མཆེད་བདུན་བོད་དུ་འབྱུང་༔ མལ་གྲོའི་བཙུན་མོ་གཉིས་ཁེངས་ལོག༔ ཐན་ཆེན་ཆར་ཆེ་མ་སྙོམས་འབྱུང་༔ ཚལ་ནག་ཀླུ་ནི་ཁེངས་ལོག་པས༔ ལོ་ནད་ཕྱུགས་ནད་མི་ནད་འབྱུང་༔ རྒྱང་བུ་ཚལ་ཀླུ་ཁེངས་ལོག་པས༔ མི་ལ་ཞྭ་ལོང་རབས་ཆད་འབྱུང་༔ ནག་པོ་ཀློང་རྡོལ་ཁེངས་ལོག་པས༔ དུས་ལོག་བསམ་པ་མི་གཅིག་འབྱུང་༔ ལུ་མ་ནག་པོའི་ཀླུ་ཁེངས་ལོག༔ གྲགས་པ་ཉམས་འགྲོ་རང་གཞན་འཕུང་༔ སྐྱིད་པ་གར་ཡང་མི་གདའ་འབྱུང་༔ ཟངས་གྲི་མཚོ་སྨན་ཀླུ་ཁེངས་ལོག༔ གླང་དམར་མཁའ་རྒྱུག་འབུ་ཡིས་འདེབས༔ མི་བདེ་བ་ཡི་འཚུབ་མ་

5-96b

ལྡང་༔ བཙན་བཞི་རྒྱལ་པོའི་སྣ་འདྲེན་པའི༔ འདྲི་ཞེས་བྱ་བའི་ས་ཕྱོགས་ནས༔ བནྡེ་སྦྲུལ་ལོ་སྙིང་སྟོབས་ཅན༔ ཀུན་དགའི་མིང་ཅན་སྡིག་ཁམས་ཅན༔ དགེ་སློང་ཆས་ལ་སྡིག་པ་སྤྱོད༔ དམག་དང་འཁྲུག་པའི་ལས་བྱེད་པ༔ བོད་འདིར་དམག་རིགས་དགུ་ཁྲིད་འོང་༔ བོད་རྣམས་ལྷོ་མོན་མཐའ་ལ་ཐུག༔ ཁམས་པ་མང་པོ་དབུས་སུ་འབྱུང་༔ བོད་ཀྱི་མཁས་བཙུན་བཟང་པོ་རྣམས༔ བླ་མཆོད་ཚུལ་དུ་ཁྲིད་ནས་འགྲོ༔ མ་ཆགས་སྦས་ཡུལ་བྲོས་ན་ཐར༔ བོད་རྣམས་མདུན་མ་ཕྱོགས་གཅིག་སྒྲིལ༔ ཀླུ་ཡི་ཁ་སྒྱུར་བྱས་ན་བཟློག༔ བོན་པོ་ཀླུ་འབུམ་དཀར་ནག་ཁྲ༔ ཀླུ་ཡི་སྤང་སྐོང་ཕྱོགས་བཞིར་འདོན༔ སྔགས་པས་ཆུ་གཏོར་དཀར་གཏོར་བཏང་༔ བཙུན་པས་མཐའ་བསྐོར་སྨན་བླ་བྱ༔ ཤེས་རབ་སྙིང་པོའི་མདོ་སྒྲུབ་བྱ༔ རྒྱལ་ཁྲིམས་ཆོས་ཁྲིམས་ཡུལ་ཁྲིམས་བསྡམས༔ རི་རྒྱ་རླུང་རྒྱ་ལམ་རྒྱ་འཛུག༔ དབང་ཁྲིད་བྱིན་

5-97a

༄༅༔       ༔མཆོད་སྒྲུབ་ཆེན་གཟུག༔ བཤད་ཉན་སྒོམ་སྒྲུབ་དག་ཐེར་འདོན༔ དེ་ལྟར་བྱས་ན་རྒྱ་དམག་ཟློག༔ མ་གྲུབ་ལས་སྒོ་བཞི་ལ་བྲོས༔ གཙང་ལ་གྲོ་མོ་ལས་སྒོ་ཡོད༔ ཀོང་པོ་བྲག་གི་ལས་སྒོ་ཡོད༔ མོན་ལ་ཤ་འུག་སྟག་སྒོ་ཡོད༔ གཉལ་ལ་འབྲིན་ཐང་ལས་སྒོ་ཡོད༔ གཙང་རོང་གཉལ་རོང་ལྷོ་རོང་དང་༔ ཀོང་པོ་རོང་སྟེ་ལས་སྒོ་བཞི༔ རི་ནི་མཚོན་ཆ་གནམ་གཟིངས་འདྲ༔ ཆུ་ནི་རྦ་ཀློང་རལ་ནག་གསིག༔ ནགས་ཚལ་རྩི་ཤིང་མུན་གཏིབས་འདྲ༔ ས་ནི་གཞུ་རྒྱུད་ཙམ་པ་ལ༔ གནམ་ནི་རལ་གྲི་ཙམ་ལས་མེད༔ ཟས་སུ་སྔོ་ངད་ཤིང་ཐོག་ཟ༔ གོས་སུ་མེ་རླུང་སྦྱོར་བ་གྱོན༔ གནས་ས་བྲག་དང་ཆུ་ཡོད་དེར༔ བྲོས་ན་ཀུན་གྱིས་ཐར་པ་ལ༔ ཆོས་པ་ཤོར་པོ་འགའ་རེ་ལས༔ བྲོས་མཁན་གཅིག་ཀྱང་མི་ཡོང་ངོ་༔ རྒྱ་དམག་ཐུབ་པའི་གནས་བཞི་ཡོད༔ ཡར་ཀླུངས་ཤེལ་གྱི་བྲག་འཁྲས་སམ༔ ཡར་འབྲོག་དང་ལེར་འཁྲས་

5-97b

པ་དང་༔ ཨེ་པ་ཡོ་ལ་རི་ལ་འཁྲས༔ ལུང་གསུམ་ལྗོངས་དང་ཤམ་པོ་གངས༔ འདི་ལ་འཁྲས་ཚད་ཕེབས་མི་འགྱུར༔ ཆོས་པ་རྣམས་ནི་དགོན་ལ་ཆགས༔ གཞན་རྣམས་ལས་ངན་ཏིས་ཏ་འཁོར༔ སྲེད་ཅིང་ཆགས་པས་ཡུལ་དུ་འཕུང་༔ སྔགས་པའི་སྙིང་དུ་བདུད་འདྲེ་འཇུག༔ བོན་པོའི་སྙིང་དུ་བཙན་འདྲེ་འཇུག༔ སྐྱེས་པའི་སྙིང་དུ་རྒྱལ་འགོང་འཇུག༔ བུད་མེད་སྙིང་དུ་སྲིན་མོ་འཇུག༔ བྱིས་པའི་སྙིང་དུ་ཐེའུ་རང་འཇུག༔ དེ་རྣམས་ཞུགས་པའི་ཆགས་སྡང་གིས༔ འཁོར་རྣམས་མངའ་རིས་རེ་ལ་ཞེན༔ མི་དབང་ཐུགས་ལ་གདོན་གསོལ་ནས༔ ཐམས་ཅད་རྒྱ་ནག་དབང་དུ་འགྲོ༔ མི་སྐྱིད་འབྱུང་ཚུལ་ཟད་པ་མེད༔ སྡུག་པོ་ཡོང་བ་བཤད་མི་ལང་༔ ཤམ་པོ་གངས་་་་ཞོལ་ཤར་ལྷོ་གཉལ༔ གཉོས་ཀྱི་རྒྱལ་མོ་མེ་འབྲུག་ལོ༔ འབུམ་གྱི་མིང་ཅན་སྙིང་སྟོབས་ཅན༔ ཐུ་མིའི་སྐྱེ་བས་དམག་ལས་བྱེད༔ ཡ་ཆའི་ལས་ལ་ཐུག་པ་ཡིན༔

5-98a

༄༅༔       ༔ལྷོ་བརྒྱུད་རྒྱལ་པོར་ངས་ལུང་བསྟན༔ ལ་གསུམ་རྒྱལ་བ་བྱང་ཆུབ་འདི༔ གུ་གེ་པུ་རངས་མང་ཡུལ་དུ༔ ཀཱིརྟི་ལྡེ་བཙན་ལྕགས་སྟག་ལོ༔ ཡབ་མེས་བཟང་པོའི་སྲོལ་ལུགས་བྱེད༔ སངས་རྒྱས་བྱང་ཆུབ་སེམས་དཔའ་དང་༔ ཆོས་ཀྱི་རོ་ལ་སྤྱོད་པ་འབྱུང་༔ འདི་སྲས་ཕུན་ཚོགས་ལྡེ་བཙན་ཞེས༔ སྤྱན་རས་གཟིགས་ཀྱི་སྤྲུལ་པ་འབྱུང་༔ ཆོས་ཀྱི་མཛོད་ཕྱུག་ཡོངས་སུ་འཛིན༔ སེམས་ཅན་ཐར་པའི་ལམ་ལ་འཇུག༔ ལྷ་བླའི་སྐྱེ་བར་ངས་ལུང་བསྟན༔ རྨ་རིན་མཆོག་ཅེས་ལོ་ཙཱ་འདི༔ ལ་སྟོད་སྤྱད་ལུང་འཛུམ་པའི་ཡུལ༔ མཁར་དམར་གནས་ཆུང་ཞེས་བྱ་བར༔ རྒྱུས་ནག་ཇོ་ཕན་ཞེས་བྱ་དང་༔ མོན་མོ་དུག་གེ་ཞེས་བྱའི་སྲས༔ སིངྷ་རཏྣ་ཤྲཱི་ཞེས་པ༔ ས་བརྒྱད་བྱང་ཆུབ་སེམས་དཔའ་འབྱུང་༔ རྒྱ་གར་རྒྱ་ནག་ཨོ་རྒྱན་ཡུལ༔ དད་ཅན་མང་པོའི་ཁ་ལོ་སྒྱུར༔ མང་ཡུལ་ལུ་ཡུག་ཅེས་བྱ་བར༔ ཀླུ་ཡི་

5-98b

དབང་པོའི་སྐྱེ་བ་ལེན༔ ཡབ་ནི་སངས་རྒྱས་སྐྱབས་ཞེས་བྱ༔ ཡུམ་ནི་གཡར་མོ་འཁོ་སྐྱིད་ཅེས༔ གཅུང་པོ་བླ་མ་མཁར་ཆེན་ཞེས༔ སྲིང་མོ་ཧོར་ལྕམ་ཞིག་མོ་ཞེས༔ སྲས་ཆེ་བ་ལ་བསོད་རྒྱལ་ཅེས༔ ཆུང་བའི་མིང་ནི་བྷ་རུ་ཞེས༔ ཉེ་གནས་ནམ་ཤི་རོ་བྷེ་ཞེས༔ སྐྱལ་ཁུར་སྨྱོན་པ་མདོ་ཆུང་ཞེས༔ དུས་ཀྱི་མཐའ་ལ་དེ་ལྟར་འོང་༔ ཅོག་རོ་ཀླུ་ཡི་རྒྱལ་མཚན་ནི༔ མ་འོངས་དབུ་རུ་ཚ་བ་གྲུ༔ བརྩོན་འགྲུས་མཚན་ཅན་བྱང་ཆུབ་སེམས༔ འཁོར་ལོས་སྒྱུར་བའི་ཞང་རིགས་འབྱུང་༔ ལོ་ཙཱ་དཱ་ན་དྷ་ན་འདི༔ མི་ཆོས་ཁ་ཆེའི་ཡུལ་དུ་སྐྱེས༔ ནཱ་རོ་པ་ཞེས་པཎྜི་ཏ༔ ཐུབ་བསྟན་སྟོང་དང་བཞི་བརྒྱ་ན༔ ལྷ་སའི་སྐུ་གཉེར་ཞིག་ཏུ་སྐྱེ༔ དགེ་བའི་མཚན་ཅན་རྟ་ལོ་པ༔ སངས་རྒྱས་ཆོས་ལ་རྗེས་ཡི་རངས༔ ཆོས་མཛད་རྣམས་ཀྱི་འཚོ་བ་སྦྱོར༔ བླ་མ་ཞང་གི་སྤྲུལ་པ་འབྱུང་༔ ལོ་ཙཱ་བཻ་རོ་ཙ་ན་འདི༔ རྒྱ་གར་ཐར་པ་ལམ་སྟོན་སྐྱེ༔

5-99a

༄༅༔       ༔མ་འོངས་ས་སྐྱ་དཔལ་གྱི་མཚན༔ སྙིགས་མའི་དུས་ན་ཡར་ཀླུངས་སུ༔ བསོད་ནམས་མིང་ཅན་ཆོས་རྒྱལ་འབྱུང་༔ ཆོས་འཁོར་སྟོད་སྨད་མཆོད་པར་བྱེད༔ ཆོས་མཛད་རྣམས་ཀྱི་འཚོ་བ་སྦྱོར༔ མཁས་པ་གཡུ་སྒྲ་སྙིང་པོ་འདི༔ ཞིང་ཁམས་ཐོ་ལིང་ཞེས་བྱ་བར༔ པོ་ཏོ་བ་ཞེས་བྱ་བ་འབྱུང་༔ མཆོད་པ་བཟང་པོའི་གཙུག་ལག་ཁང་༔ འགྲོ་བ་མང་པོའི་དོན་བྱེད་འགྱུར༔ གཉགས་བན་ཀུ་མཱ་རཱ་ཛ་ནི༔ ཨོ་ཏ་ན་ཡི་གཙུག་ལག་ཏུ༔ ཏེ་ལི་ཤེར་བཟང་སྐྱེ་བ་ལེན༔ མ་འོངས་དྭགས་སྒོམ་ཞེས་བྱ་བར༔ རྒྱལ་མཚན་མིང་ཅན་རྟ་ལོ་པ༔ ཟླ་འོད་གཞོན་ནུའི་སྤྲུལ་པ་འབྱུང་༔ བསམ་གཏན་སྒོམ་པ་ཕོ་མོས་བསྐོར༔ དེ་ཚོགས་བདེ་བ་ཅན་དུ་འགྲོ༔ ལྷ་དཔལ་ཡེ་ཤེས་བྱ་བ་ཁྱོད༔ ཨ་ཀར་ཤཱནྟི་བྱ་བར་སྐྱེ༔ མ་འོངས་ཅུང་པ་ཞེས་བྱ་བར༔ བསོད་ནམས་མིང་ཅན་སྒོམ་གྲྭ་འབྱུང་༔ དགེ་

5-99b

སློང་ཡེ་ཤེས་དཔལ་བྱ་འདི༔ ཐུབ་པའི་ཞིང་ཁམས་སྨེར་ཞེས་བྱར༔ བསོད་ནམས་མཚན་ཅན་ངེས་དོན་སྒོམ༔ པད་འབྱུང་བསྟན་པ་འཛིན་པ་འབྱུང་༔ ལོ་ཙཱ་ཡོན་ཏན་སྙིང་པོ་འདི༔ གངས་དཀར་སྙེ་མོ་ར་སྔས་སུ༔ ཕ་སྟག་མ་བཀྲིས་ཁྱུང་མགོའི་བུ༔ དགེ་བཤེས་ཁྱུང་པོ་ཛོ་ཀི་རྗེ༔ ཤཱི་ལ་ཀཱིརྟི་ཆོས་མཁས་རིགས༔ བླ་མ་ཤངས་པར་གྲགས་པ་འབྱུང་༔ ཁྱིམ་པ་བྱང་ཆུབ་སེམས་མཆེད་གསུམ༔ ཤངས་མགོན་ཤངས་དེར་ཤངས་ཆུང་རྣམས༔ འཛམ་བུ་ཆུ་བོ་གུ་ལང་སོགས༔ གསེར་ཁ་ཆེན་པོ་བཅུ་གསུམ་འབྱུང་༔ ཞོང་ཞོང་དགོན་ནས་བརྒྱ་རྩ་བརྒྱད༔ ཚོགས་པ་ཁྲིམས་འཚོའི་རྒྱ་མཚོ་འབྱུང་༔ སྔ་བུ་ལྔ་དང་ཕྱི་བུ་གཅིག༔ ལོ་ནི་བརྒྱ་དང་ལྔ་བཅུ་བཞུགས༔ དེ་ནས་ཞིང་ཁམས་བདེ་ཆེན་འགྲོ༔ ལང་འགྲོ་དཀོན་ཅོག་འབྱུང་གནས་འདི༔ རྒྱ་གར་ཡུལ་གྱི་མ་ག་དྷར༔ ཁྱིམ་བདག་སཱུརྱ་སེང་གེའི་བུ༔ ཡུམ་ནི་བྷི་མ་ན་ཞེས་བྱ༔

5-100a

༄༅༔       ༔མཆེད་ལྔ་ཡོད་པའི་གུ་པ་ཏ༔ མ་འོངས་ཡར་ཀླུངས་ཤེལ་ཉིད་དུ༔ དར་མའི་མིང་ཅན་དྲི་མེད་འབྱུང་༔ བྱང་ཆུབ་སེམས་དཔའ་དམ་ཆོས་འབུང་༔ ཕྱི་མ་མཁའ་སྤྱོད་བདེ་ཆེན་འགྲོ༔ ལོ་ཙཱ་རྒྱལ་བ་མཆོག་དབྱངས་འདི༔ རྒྱ་གར་བྱང་ཕྱོགས་མུ་སྟེགས་ཡུལ༔ དེ་བ་ཙནྡྲར་སྐྱེ་བ་ལེན༔ བསྟན་བབས་ལྔ་བཅུ་ཁ་རལ་དུས༔ ཆོས་དབྱིངས་མཚན་ཅན་ཞེས་བྱ་འབྱུང་༔ བལ་པོ་དུ་ཧར་ནག་པོ་འདི༔ རྒྱ་གར་ཡུལ་གྱི་ཡངས་པ་ཅན༔ དགེ་སློང་ལེགས་པའི་བློ་གྲོས་ཞེས༔ མ་འོངས་ཟུར་ཞེས་བྱ་བའི་རིགས༔ ཤཱཀྱའི་མིང་ཅན་སྔགས་འཆང་འབྱུང་༔ རྒྱལ་བ་ཕུན་སུམ་ཚོགས་པའི་སྟོབས༔ ལོངས་སྐུའི་བསྟན་པའི་སྒྲོན་མེ་ཡིན༔ ཚེ་འཕོས་ཨོ་རྒྱན་ཡུལ་དུ་སྐྱེ༔ དགེ་སློང་གཙུག་གི་རྒྱལ་མཚན་འདི༔ ཡུལ་གྲོང་སྒང་བུ་ཞེས་བྱ་བར༔ ཡེ་ཤེས་མིང་ཅན་བསྟན་པ་བསྲུང་༔ གཤིན་རྗེའི་གྲུབ་པ་ཐོབ་པ་འབྱུང་༔ ལོ་ཙཱ་

5-100b

སྐ་བ་དཔལ་བརྩེགས་འདི༔ རྒྱ་གར་ཡུལ་གྱི་བྷཾ་ག་ལ༔ མཁས་པ་ནག་པོ་རོ་འཛིན་ཅེས༔ མི་ཡི་ལོ་ཀར་སྐྱེ་བ་ལེན༔ བསམ་ཡས་ལྷོ་ཕྱོགས་མོན་གྲྭ་ཕྱི༔ བླ་མ་བཟང་གསུམ་ཞེས་པ་འབྱུང་༔ གང་ལ་དངོས་པོ་མ་མཆིས་པ༔ ཚོམ་བུ་འཁོར་བཅས་བདེ་བ་ཅན༔ ཆོས་ཀྱི་ཉི་མས་དྲོས་པ་འབྱུང་༔ ཨྱོན་ཡུལ་གྱི་རང་བྱུང་གླིང་༔ ཁེ་ཏྲ་མ་བུ་རི་ཡི་གྲོང་༔ དྲང་སྲོང་བི་རུ་ཤ་ཞེས་པ༔ ཟ་ཧོར་ཙཀྲ་ཀཱིརྟི་པ༔ ཐུ་མི་སམྦྷོར་བོད་དུ་སྐྱེས༔ ད་ལྟའི་དྷརྨོཏྟཱ་ར་ཁྱོད༔ མི་ལུས་བདུན་གྱི་སྐྱེ་མཇུག་ཏུ༔ འཕགས་པའི་ནོར་བདུན་ལོངས་སྤྱོད་པ༔ རིན་ཅེན་གཞོན་ནུ་ཞེས་པ་འབྱུང་༔ ས་བརྒྱད་ནོན་པའི་སེམས་དཔའ་ཉིད༔ སྒྲུབ་པའི་རྒྱལ་མཚན་འཛུགས་པ་འབྱུང་༔ ཚེ་འཕོས་ནུབ་ཕྱོགས་བདེ་བ་ཅན༔ འོད་དཔག་མེད་ཀྱི་ཐུགས་ཀར་ཐིམ༔ ཟག་བཅས་གསེར་འབུམ་ཟླུམ་པོ་བཞེངས༔ རབ་གནས་ལྷོ་ནུབ་སྲིན་ཡུལ་ནས༔

5-101a

༄༅༔       ༔ཨོ་རྒྱན་པད་འབྱུང་ང་ཡིས་བྱེད༔ འགྲོ་དོན་ལྷ་འདྲེ་མི་གསུམ་འབྱུང་༔ ཉིན་མོར་མཁའ་འགྲོས་སྐོར་བ་བསྐོར༔ མཚན་མོར་ལྷ་འདྲེའི་ཚོགས་ཀྱིས་བསྐོར༔ མི་ལ་སོགས་པ་ལྟ་ཅི་སྨོས༔ བཟང་གསུམ་སྐུ་འབུམ་བཞེངས་པ་འབྱུང་༔ འདིས་རྐྱེན་བྱས་ནས་དབུས་ཕྱོགས་གྲྭ༔ ཆོས་བདག་སྐྱེས་པའི་ཡུལ་དུ་ནི༔ ཆོས་འཁོར་ལྷ་ས་རྩམ་ཞིག་བཞེངས༔ པད་འབྱུང་སྐུ་གཟུགས་བཞེངས་པར་འགྱུར༔ སངས་རྒྱས་གསུམ་གྱི་རིང་བསྲེལ་གསུམ༔ ཁྱོར་བ་གང་ཙམ་བཞུགས་པར་འགྱུར༔ ཡིད་བཞིན་ནོར་བུ་གཅིག་ཀྱང་བཞུགས༔ ཐུན་མོང་ཁྱད་པར་བྱིན་རླབས་ཅན༔ དམ་རྫས་མང་པོ་དཔག་མེད་བཞུགས༔ རབ་གནས་ལྷོ་ནུབ་སྲིན་ཡུལ་ནས༔ ཨོ་རྒྱན་པད་འབྱུང་ང་ཡིས་བྱེད༔ འགྲོ་དོན་ལྷ་འདྲེ་མི་གསུམ་འབྱུང་༔ ཉིན་མོ་མཁའ་འགྲོས་སྐོར་བ་བསྐོར༔ མཚན་མོ་ལྷ་འདྲེའི་ཚོགས་ཀྱིས་

5-101b

བསྐོར༔ མི་ལ་སོགས་པ་ལྟ་ཅི་སྨོས༔ དེ་ཡི་རབ་གནས་ལེགས་པ་ཡིས༔ རྒྱལ་ཁམས་ཐམས་ཅད་བདེ་བར་འགྱུར༔ བསྟན་པའི་རིམ་གྲོ་ཀླུ་ཁ་སྒྱུར༔ དམག་འཁྲུག་ཐམས་ཅད་ཆད་པར་འགྱུར༔ ཉན་འཆད་སྒྲུབ་པ་དུས་སུ་བཏོན༔ རྒྱལ་པོའི་ཁྲིམས་ཀྱང་བརྟན་པར་འགྱུར༔ སངས་རྒྱས་གདུལ་བྱར་མ་གྱུར་རྣམས༔ ཁྲིམས་ནི་བཙན་པས་ཆགས་པར་འགྱུར༔ ཡར་ཆེན་ལྷ་ཁང་གྲགས་པ་འབྱུང་༔ ཡུལ་ན་བཀྲ་ཤིས་མི་བག་དྲོ༔ རྐྱེན་ངན་མི་འབྱུང་ཟས་ནོར་འཕེལ༔ དབུས་པའི་བསོད་ནམས་འདི་ལས་བྱུང་༔ ལོ་ཙཱ་རྡོ་རྗེ་བདུད་འཇོམས་འདི༔ མ་འོངས་སྨན་ལུང་ཤཱཀ་གཞོན་ཞེས༔ གསང་སྔགས་བསྟན་པ་རྒྱས་བྱེད་འབྱུང་༔ ཚེ་འཕོས་ནུབ་ཕྱོགས་བདེ་བ་ཅན༔ ཟག་བཅས་གསེར་འབུམ་ཟླུམ་པོ་བཞེངས༔ རབ་གནས་ལྷོ་ནུབ་སྲིན་ཡུལ་ནས༔ ཨོ་རྒྱན་པད་འབྱུང་ང་ཡིས་བྱེད༔ འགྲོ་དོན་ལྷ་འདྲེ་མི་གསུམ་

5-102a

༄༅༔       ༔འབྱུང་༔ ཉིན་པར་མཁའ་འགྲོས་སྐོར་བ་བསྐོར༔ མཚན་མོར་ལྷ་འདྲེའི་ཚོགས་ཀྱིས་བསྐོར༔ མི་ལ་སོགས་པ་ལྟ་ཅི་སྨོས༔ སྲོང་བཙན་གསེར་འབུམ་གྲགས་པ་འབྱུང་༔ ལོ་ཙཱ་མཆིམས་ཤཱཀ་པྲ་བྷ་ཝ༔ རྒྱས་སྨན་བྱང་པའི་རི་ཐང་མཚམས༔ ཤཱཀྱའི་མིང་ཅན་བུད་དྷ་འབྱུང་༔ གཏེར་མིན་གཏེར་འདྲས་མ་བསླུས་ན༔ ཚེ་འཕོས་ནུབ་ཕྱོགས་བདེ་བ་ཅན༔ ཟག་བཅས་གསེར་འབུམ་ཟླུམ་པོ་བཞེངས༔ རབ་གནས་ལྷོ་ནུབ་སྲིན་ཡུལ་ནས༔ ཨོ་རྒྱན་པད་འབྱུང་ང་ཡིས་བྱེད༔ འགྲོ་དོན་ལྷ་འདྲེ་མི་གསུམ་འབྱུང༔ ཉིན་པར་མཁའ་འགྲོས་སྐོར་བ་བསྐོར༔ མཚན་མོར་ལྷ་འདྲེའི་ཚོགས་ཀྱིས་བསྐོར༔ མི་ལ་སོགས་པ་ལྟ་ཅི་སྨོས༔ ཀཱ་མ་ལ་ཤཱི་ལ་ཞེས་བྱ་འདི༔ སྒྲ་སྒྱུར་གླིང་དུ་མུ་སྟེགས་བཀྲོངས༔ འབྲོག་མི་ལོ་ཙཱ་སྒྲ་པར་སྐྱེ༔ འགོང་ཆུང་མིང་ཅན་སྲོག་ཏིག་ཟ༔ ཆུ་མདོར་ཡ་ངའི་ལས་སད་འབྱུང་༔

5-102b

པད་འབྱུང་བསྟན་འཛིན་རྫོགས་ཆེན་གསུང་༔ ཚེ་འཕོས་ནུབ་ཕྱོགས་བདེ་བ་ཅན༔ ཟག་བཅས་གསེར་འབུམ་ཟླུམ་པོ་བཞེངས༔ རབ་གནས་ལྷོ་ནུབ་སྲིན་ཡུལ་ནས༔ ཨོ་རྒྱན་པད་འབྱུང་ང་ཡིས་བྱེད༔ འགྲོ་དོན་ལྷ་འདྲེ་མི་གསུམ་འབྱུང་༔ ཉིན་པར་མཁའ་འགྲོས་སྐོར་བ་བསྐོར༔ མཚན་མོར་ལྷ་འདྲེའི་ཚོགས་ཀྱིས་བསྐོར༔ མི་ལ་སོགས་པ་ལྟ་ཅི་སྨོས༔ སྐུ་འབུམ་ལྷུན་གྲུབ་ཅེས་པ་འབྱུང་༔ ཧ་ཤང་མ་ཧཱ་ཡ་ན་འདི༔ ནཱ་ལེནྡཱ་ཡི་གཙུག་ལག་ཁང་༔ གཞི་ཡོད་སྨྲ་བའི་སྡེ་པ་ནི༔ མཁན་པོ་དགེ་བའི་རྣམ་རྒྱལ་ལྷ༔ འོན་རྐེད་དཀར་པོ་ས་རུ་འབྱུང་༔ འཚོ་བྱེད་སྨན་པ་ཀུན་དགའི་མཚན༔ ཆོས་ཀྱི་བདུད་རྩི་འཐུངས་པས་ནི༔ ཚོམ་བུ་འཁོར་བཅས་མཁའ་སྤྱོད་འགྲོ༔ ཟག་བཅས་གསེར་འབུམ་ཟླུམ་པོ་བཞེངས༔ རབ་གནས་ལྷོ་ནུབ་སྲིན་ཡུལ་ནས༔ ཨོ་རྒྱན་པད་འབྱུང་ང་ཡིས་བྱེད༔ འགྲོ་དོན་ལྷ་འདྲེ་མི་གསུམ་འབྱུང་༔

5-103a

༄༅༔       ༔ཉིན་པར་མཁའ་འགྲོས་་་སྐོར་བ་བསྐོར༔ མཚན་མོ་ལྷ་འདྲེའི་ཚོགས་ཀྱིས་བསྐོར༔ མི་ལ་སོགས་པ་ལྟ་ཅི་སྨོས༔ ད་ལྟའི་དགེ་སློང་ཀོ་ཀ་ལི༔ འབྲི་མཚམས་འབྲིང་རྗེ་ཤཱཀ་བརྩོན་སྐྱེ༔ བསྟན་སྙིགས་དུས་ན་ཀོང་སྨད་མཐིལ༔ བསམ་གཏན་མིང་ཅན་ངེས་འབྱུང་ལྡན༔ གསང་སྔགས་གདུལ་བྱར་མ་གྱུར་རྣམས༔ པད་འབྱུང་ལྷ་ཁང་བཞེངས་པ་འབྱུང་༔ གཏེར་མིན་གཏེར་འདྲ་རྫུན་གྱི་གཏེར༔ འགོང་པོ་སྤུན་དགུས་མ་བསླུས་ན༔ རབ་གནས་ལྷོ་ནུབ་སྲིན་ཡུལ་ནས༔ ཨོ་རྒྱན་པད་འབྱུང་ང་ཡིས་བྱེད༔ འགྲོ་དོན་ལྷ་འདྲེ་མི་གསུམ་འབྱུང་༔ ཉིན་པར་མཁའ་འགྲོས་སྐོར་བ་བསྐོར༔ མཚན་མོར་ལྷ་འདྲེའི་ཚོགས་ཀྱིས་བསྐོར༔ མི་ལ་སོགས་པ་ལྟ་ཅི་སྨོས༔ ཚེ་འཕོས་མཁའ་སྤྱོད་བདེ་ཅན་འགྲོ༔ འོ་བྲན་བྱང་ཆུབ་མགོན་པོ་འདི༔ ཟ་ཧོར་ཡུལ་ནས་བཙུན་མ་འཕོས༔ བདེ་བའི་ཡེ་ཤེས་བྱ་བ་ཡིན༔ མ་འོངས་གྲ་ཤར་

5-103b

ལྷབ་མི་ཤེས༔ ཀུན་གྱི་མིང་ཅན་ང་ལ་མོས༔ ངས་བརྩམས་ཆོས་ལ་ཡིད་ཆེས་པ༔ བླ་མ་དར་ལུང་ཞེས་བྱ་འབྱུང་༔ ཚེ་འཕོས་ནུབ་ཕྱོགས་བདེ་བ་ཅན༔ ཟག་བཅས་གསེར་འབུམ་ཟླུམ་པོ་བཞེངས༔ རབ་གནས་ལྷོ་ནུབ་སྲིན་ཡུལ་ནས༔ ཨོ་རྒྱན་པད་འབྱུང་ང་ཡིས་བྱེད༔ འགྲོ་དོན་ལྷ་འདྲེ་མི་གསུམ་འབྱུང་༔ ཉིན་པར་མཁའ་འགྲོས་སྐོར་བ་བསྐོར༔ མཚན་མོར་ལྷ་འདྲེའི་ཚོགས་ཀྱིས་བསྐོར༔ མི་ལ་སོགས་པ་ལྟ་ཅི་སྨོས༔ ཚ་རོང་རྒྱལ་པོ་མདོ་བཞེར་འདི༔ ཟ་ཧོར་ཡུལ་ནས་བཙུན་མ་ཚེ་འཕོས་ནས༔ བྷི་ཏ་ནག་པོ་ཏོག་རྩེ་པ༔ མ་འོངས་ངས་སྦས་གཏེར་ལ་མོས༔ བླ་མ་མཆོག་རབ་ཅེས་པ་འབྱུང་༔ ཚེ་འཕོས་ནུབ་ཕྱོགས་བདེ་བ་ཅན༔ ཟག་བཅས་ཕུང་པོ་གསེར་འབུམ་ཟླུམ༔ རབ་གནས་ལྷོ་ནུབ་སྲིན་ཡུལ་ནས༔ ཨོ་རྒྱན་པད་འབྱུང་ང་ཡིས་བྱེད༔ འགྲོ་དོན་ལྷ་འདྲེ་མི་གསུམ་འབྱུང་༔ ཉིན་པར་མཁའ་འགྲོས་སྐོར་བ་བསྐོར༔ མཚན་མོ་ལྷ་འདྲེའི་

5-104a

༄༅༔       ༔ཚོགས་ཀྱིས་བསྐོར༔ མི་ལ་སོགས་པ་ལྟ་ཅི་སྨོས༔ ལོ་ཙཱ་དེ་བ་སཾ་བྷ་འདི༔ ཡབ་ནི་རྒྱལ་པོ་སྟོབས་དང་ལྡན༔ ཡུམ་ནི་བྲམ་ཟེ་སེན་དྷི་རཱི༔ མཆེད་ལྕམ་ལྔ་ཡི་ཆེ་བ་ནི༔ དྷརྨ་ཤཱི་ལ་ཞེས་བྱ་བ༔ ཚེ་འཕོས་གྱི་ལྗང་དབུ་དཀར་བ༔ མ་འོངས་དབུས་གྲ་ཕྱུག་རྩེ་སྒང་༔ ཀུན་དགའི་མཚན་ཅན་སྔགས་སྒོམ་འབྱུང་༔ བཀའ་གཏེར་ཆོས་དང་ཆོས་མིན་དབྱེ༔ ཚེ་འཕོས་ཤར་ཕྱོགས་མངོན་པར་དགའ༔ ཞིང་ཁམས་འོད་འཕྲོ་ཅན་དུ་ཡལ༔ ཟག་བཅས་གསེར་འབུམ་ཟླུམ་པོ་བཞེངས༔ རབ་གནས་ལྷོ་ནུབ་སྲིན་ཡུལ་ནས༔ ཨོ་རྒྱན་པད་འབྱུང་ང་ཡིས་བྱེད༔ འགྲོ་དོན་ལྷ་འདྲེ་མི་གསུམ་འབྱུང་༔ ཉིན་པར་མཁའ་འགྲོས་སྐོར་བ་བསྐོར༔ མཚན་མོར་ལྷ་འདྲེའི་ཚོགས་ཀྱིས་བསྐོར༔ མི་ལ་སོགས་པ་ལྟ་ཅི་སྨོས༔ གསེར་འབུམ་སྐུ་ཤས་འགྲོ་དོན་བརྒྱད༔ མ་སྲིད་པ་ཞིག་སྲིད་ནས་འོངས༔ དུས་འདི་འགྱུར་

5-104b

ཞིང་མི་རྟག་སྟེ༔ མི་རབས་བཅོ་བརྒྱད་བརྗེས་པའི་དུས༔ རྒྱ་ནག་གོང་པོ་མ་དུ་ཞེས་བྱ་ནས༔ གནམ་ས་འགྲེ་ལོག་བསྒྱུར་བ་འབྱུང་༔ དེའི་སྟོབས་པད་འབྱུང་ལུང་འདིས་ཀྱང་༔ ཕན་པར་སེམས་ནས་ལུང་འདིར་བསྟན༔ ཟིན་ཆུ་ཁར་རྣམས་ཕབས་ཙ་ན༔ ལ་སྟོད་དོན་པོ་རི་ཞེས་སུ༔ བདེ་མཆོག་དུས་སྙིང་སྐྱེ་བ་འབྱུང་༔ སུ་ཀ་ཕ་ལ་ཞེས་བྱ་བས༔ བཟང་གསུམ་སྐུ་ཤ་འབྱིན་པར་འགྱུར༔ རྒྱལ་གྱི་འཁོར་སྟོད་གནམ་རུའི་སར༔ དབུས་གཙང་བན་སྔགས་ཚོགས་ནས་སུ༔ བསྟན་པའི་རིམ་གྲོར་སྐུ་ཤ་བགོ༔ ས་སྟེང་ཡུལ་རིས་མི་གཅིག་སྦྱིན༔ དེ་ཡིས་དར་ཅིག་ཟློག་པར་འགྱུར༔ ཀོང་ཆུ་ཁ་རུ་ཕེབས་ཙ་ན༔ ཀྱི་གུ་གནས་གོང་ཞེས་བྱ་བར༔ དགེ་མ་ལྕམ་གྱི་སྐྱེ་བ་འབྱུང་༔ དཔེ་མེད་དབང་གྲགས་ཞེས་བྱ་བ༔ སྲོང་བཙན་གསེར་འབུམ་སྐུ་ཤ་འབྱིན༔ འཕན་གྱི་ལྕང་བུ་དཔག་བསམ་དུ༔ དབུས་གཙང་བན་སྔགས་

5-105a

༄༅༔       ༔ཚོགས་ནས་སུ༔ བསྟན་པའི་རིམ་གྲོར་སྐུ་ཤ་བགོ༔ ས་སྟེང་ཡུལ་རིས་མི་གཅིག་སྦྱིན༔ དེ་ཡིས་དར་ཅིག་ཟློག་པར་འགྱུར༔ དམ་ར་ཆོ་ལོ་གོང་ཕེབས་ན༔ ལ་སྟོད་མཆོད་རྟེན་ལ་ཁ་རུ༔ གྱི་ཤང་ཀོང་ཇོའི་སྐྱེ་བ་འབྱུང་༔ ཡིད་བཞིན་མགོན་ཐུར་ཞེས་བྱ་བས༔ རྩེ་སྒང་གསེར་འབུམ་སྐུ་ཤ་འབྱིན༔ འཕན་ཡུལ་འཇོག་པོའི་རི་ལ་འཁྱེར༔ དབུས་གཙང་བན་སྔགས་ཚོགས་ནས་སུ༔ བསྟན་པའི་རིམ་གྲོར་སྐུ་ཤ་བགོ༔ ས་སྟེང་ཡུལ་རིས་མི་གཅིག་སྦྱིན༔ དེ་ཡིས་དར་ཅིག་ཟློག་པར་འགྱུར༔ རྒྱ་དམག་མོར་རྟ་མུས་སུ་ཕེབས༔ ལ་སྟོད་དགོན་ཁར་ལ་ཞེས་པར༔ བདེ་ཆེན་སེང་གེ་ཞེས་བྱ་བས༔ ཁྲས་པའི་གསེར་འབུམ་སྐུ་ཤ་འབྱིན༔ བྱང་གི་སྟག་ལུང་ས་འགྱུར་དུ༔ དབུས་གཙང་བན་སྔགས་ཚོགས་ནས་སུ༔ བསྟན་པའི་རིམ་གྲོར་སྐུ་ཤ་བགོ༔ ས་སྟེང་ཡུལ་རིས་མི་

5-105b

གཅིག་སྦྱིན༔ དེ་ཡིས་དར་ཅིག་ཟློག་པར་འགྱུར༔ སྲིད་པར་བཅས་པའི་འཇིག་རྟེན་དུ༔ མི་བློ་འདེ་ཡིས་འཕྲོག་པའི་དུས༔ སྟོད་ལུང་ལ་འོར་མཚོ་ལྔ་ནས༔ མྱང་སྟོད་དབང་ཕྱུག་རྒྱལ་མཚན་ཚེ་འཕོས་པ༔ སློབ་དཔོན་ཟ་རི་ཞེས་བྱ་བས༔ ལྷུན་གྲུབ་གསེར་འབུམ་སྐུ་ཤ་འབྱིན༔ གཙང་གི་ཤབ་སྟོད་ཁྱེར་བར་འགྱུར༔ དབུས་གཙང་བན་སྔགས་ཚོགས་ནས་སུ༔ བསྟན་པའི་རིམ་གྲོར་སྐུ་ཤ་བགོ༔ ས་སྟེང་ཡུལ་རིས་མི་གཅིག་སྦྱིན༔ དེ་ཡིས་དུ་རུཥྐ་དམག་ཟློག༔ ཤངས་ཀྱི་ཏོག་ཏོག་བྲག་ཅེས་པར༔ དོན་ཡོད་རྡོ་རྗེའི་སྐྱེ་བ་འབྱུང་༔ བྷོ་ཏི་གྷི་ར་ཤཱི་ཞེས་པས༔ འཚོ་བྱེད་གསེར་འབུམ་སྐུ་ཤ་འབྱིན༔ བྲག་སྒང་རྫ་ནག་པོ་ལ་འཁྱེར༔ དབུས་གཙང་བན་སྔགས་ཚོགས་ནས་སུ༔ བསྟན་པའི་རིམ་གྲོར་སྐུ་ཤ་བགོ༔ ས་སྟེང་ཡུལ་རིས་མི་གཅིག་སྦྱིན༔ དེ་ཡིས་དར་ཅིག་ཟློག་པར་

5-106a

༄༅༔       ༔འགྱུར༔ སྤ་གྲོ་ལྷོ་ལུང་རྩ་མཚམས་སུ༔ གླང་ཁམས་གོ་ཆའི་སྐྱེ་བ་འབྱུང་༔ ཐུགས་རྗེ་ཆེན་པོ་ནག་པོ་ཞེས་བྱ་བས༔ དར་ལུང་གསེར་འབུམ་སྐུ་ཤ་འབྱིན༔ གུ་གེ་པུ་རངས་མང་ཡུལ་འཁྱེར༔ དབུས་གཙང་བན་སྔགས་ཚོགས་ནས་སུ༔ བསྟན་པའི་རིམ་གྲོར་སྐུ་ཤ་བགོ༔ ས་སྟེང་ཡུལ་རིས་མི་གཅིག་སྦྱིན༔ དེ་ཡིས་དར་ཅིག་ཟློག་པར་འགྱུར༔ ལོ་ཙཱ་ཁམས་པ་དགེ་སློང་རཏྣ་ཀཱིར༔ འགོས་ཀྱི་ཕག་རི་མཁར་གྱི་གླང་པོ་མཁར༔ ན་རོའི་ལྕམ་མོ་ནི་གུ་མའི་སྤྲུལ་མ༔ མ་གཅིག་ཕག་འབུམ་ཞེས་བྱ་བས༔ མཆོག་རབ་གསེར་འབུམ་སྐུ་ཤ་འབྱིན༔ རུ་ལག་མང་གར་ཁྲི་དགོངས་ཁྱེར༔ དབུས་གཙང་བན་སྔགས་ཚོགས་ནས་སུ༔ བསྟན་པའི་རིམ་གྲོར་སྐུ་ཤ་བགོ༔ ས་སྟེང་ཡུལ་རིས་མི་གཅིག་སྦྱིན༔ དེ་ཡིས་དར་ཅིག་ཟློག་པར་འགྱུར༔ ཉོན་མོངས་པ་ལས་གྱུར་པའི་བགེགས་རིགས་མང་༔

5-106b

བཟང་བརྒྱུད་སྤེལ་བ་སྲིད་པའི་ཐ་མར་ཉུང་༔ མགོན་སྐྱབས་བྱེད་པའི་ལ་བཙན་དུས་སུ་བསྐུལ༔ སྟོབས་ལྡན་བློ་གསལ་དད་ཅན་ཡིད་གཞུངས་པས༔ འགྲོ་བའི་དོན་དུ་ལུས་ངག་ཡིད་གསུམ་བསྐྱེད༔ བདུད་འགྲན་ད་ཡི་ཡ་བ་སྲོག་ལ་ཧུར༔ རྨུ་གབ་པ་ལིང་ལོག་རྨུ་གབ་འགེབས༔ འདྲེ་ཀུ་ཏ་གུ་བེར་ཤུབ་ཡ་ཤུབ༔ སྲིན་རག་ཤ་ཁ་འདར་སྲགས་སེ་སྲག༔ བྱུར་ཉི་མི་ལག་བམས་སེ་བམ༔ ལྟས་ངན་བུ་ཤེས་ལྕགས་མིག་རྣོ༔ ཡ་མཚན་ཅན་བུ་གྲམ་པ་རུ་རིང་༔ སྡིག་པ་ཅན་བུ་ཤོར་བ་སྟག་ནག༔ འདྲེ་ངན་སྲི་ཅན་བར་ཆད་ལོའང་སྟོན༔ ཕྱི་མ་ཅི་འགྱུར་གྱི་སྐབས་ཏེ་ཉེར་བརྒྱད་པའོ༔       ཐྲཐཉྲརྦྱ།རྦྱ།༔       ༔