བུ་སྟོན་ཆོས་འབྱུང་།

༣. གཟུངས་དང་རིག་པ་ཐོབ་པ་བསྟན་པ།

上一章
下一章
4b

(༣. གཟུངས་དང་རིག་པ་ཐོབ་པ་བསྟན་པ།)

གསུམ་པ་ནི། སེང་གེས་ཞུས་པ་ལས། ཆོས་ཀྱི་སྦྱིན་པས་སྐྱེ་བ་དྲན། །ཞེས་པ་དང་། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པའི་མདོ་ལས། ཆོས་སྦྱིན་པས་ནི་ཟག་པ་ཟད་པའི་མངོན་པར་ཤེས་པ་རྣམ་པར་དག་

5a

༄༅།        །པར་འགྱུར་རོ། །ཞེས་སོ། །(དབུ་མ་)རིན་ཆེན་ཕྲེང་བར། ཆོས་ཀྱི་ཆེད་དང་དེ་བཞིན་དུ། །གཞུང་གི་དོན་དག་དྲན་པ་དང་། །ཆོས་ཀྱི་སྦྱིན་པ་དྲི་མེད་པས། །ཚེ་རབས་དྲན་པ་ཐོབ་པར་འགྱུར། །ཞེས་སོ། །