བུ་སྟོན་ཆོས་འབྱུང་།

༡.འབྲས་བུའི་ཆོས།

上一章
下一章
9a

(༡.འབྲས་བུའི་ཆོས།)

དང་པོ་ནི། མྱ་ངན་ལས་འདས་པ་སྟེ། རྒྱུ་དང་བཅས་པའི་སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བ་མཚན་ཉིད་དོ། །དེ་ཡང་ཞི་བ་བདུན་ཏེ། སྐྱེ་བ། རྒ་བ། འཆི་བ། ཕྲད་པ། བྲལ་བ། འདོད་པ་མ་འབྱོར་པ། ཕུང་པོའི་སྡུག་བསྔལ་ཞི་བ་ཉིད་དོ། །ཡང་ན་རྟག་པ་བཞི་སྟེ། བསགས་པ་དག་ནི་མཐར་ཟད་འགྱུར། །ལུས་ནི་ཐ་མར་འཇིག་པར་འགྱུར། །འདུ་བའི་མཐའ་ནི་འབྲལ་བར་འགྱུར། །སྲོག་ནི་ཐ་མར་འཆི་བར་འགྱུར། །ཞེས་མི་རྟག་པ་བཞི་ལས་ལྡོག་པའོ། །