བུ་སྟོན་ཆོས་འབྱུང་།

དང་པོ། བཀའ་བསྟན་པ།

上一章
下一章
9b

(དང་པོ། བཀའ་བསྟན་པ།)

དེའི་བཤད་པའི་ཆོས་ལ་དབྱེ་ན། གཉིས་ཏེ། བཀའ་དང་། བསྟན་བཅོས་ཏེ། ཇི་སྐད་དུ། ཆོས་རྣམས་ཐམས་ཅད་བཀའ་དང་བསྟན་བཅོས་གཉིས་སུ་འདུས། །ལེགས་པར་གསུངས་དང་དེ་ཡི་དགོངས་འགྲེལ་ཏེ། །དེ་ཡི་དབང་གིས་ཤཱཀྱའི་བསྟན་པ་འདི། །འཇིག་རྟེན་ཁམས་འདིར་ཡུན་རིང་གནས་པར་འགྱུར། །ཞེས་སོ། །ཐོག་མ་བཀའ་ལ་མཚན་ཉིད། སྒྲ་དོན། དབྱེ་བ་གསུམ་ལས།