བུ་སྟོན་ཆོས་འབྱུང་།

དང་པོ།.བཀའ་ཡི་མཚན་ཉིད།

上一章
下一章
9b

(དང་པོ།.བཀའ་ཡི་མཚན་ཉིད།)

དང་པོ་ནི། གླེང་གཞི་བཤད་བྱའི་ཆོས་མཐུན་འགྱུར་རྗེས་སུ་ཡི་རང་སྟེ། ཚིག་དོན་ཕུན་སུམ་ཚོགས་པའོ། །ཞེས་ཁ་ཅིག་(མཆིམས་པ་)ཟེར་རོ། །བརྗོད་བྱ་དོན་ལྡན་གྱི་ཆོས་དང་འབྲེལ་ཞིང་བྱེད་ལས་ཁམས་གསུམ་གྱི་ཉོན་མོངས་སྤོང་བ་འབྲས་བུ་ཞི་བའི་ཕན་ཡོན་སྟོན་པའི་རྗོད་བྱེད་བདག་རྐྱེན་གྱི་གཙོ་བོ་སངས་རྒྱས་ཀྱིས་མཛད་ནས་བྱུང་བ་སྟེ། རྒྱུད་བླ་མར། གང་ཞིག་དོན་ལྡན་ཆོས་དང་ཉེར་འབྲེལ་ཞིང་། །ཁམས་གསུམ་ཀུན་ནས་ཉོན་མོངས་སྤོང་བྱེད་གསུང་། །ཞི་བའི་ཕན་ཡོན་སྟོན་པར་མཛད་པ་གང་། །དེ་ནི་དྲང་སྲོང་གསུང་ཡིན་ལྡོག་པ་གཞན། །ཞེས་སོ། །