བུ་སྟོན་ཆོས་འབྱུང་།

དང་པོ། དུས་ཀྱི་སྒོ་ནས་དབྱེ་བ།

上一章
下一章
12a

(དང་པོ། དུས་ཀྱི་སྒོ་ནས་དབྱེ་བ།)

དང་པོ་ལ། དུས་དང་པོར་གསུངས་པ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ། བར་དུ་གསུངས་པ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ༏ ༏ཐ་མར་གསུངས་པ་དོན་དམ་རྣམ་པར་ངེས་པའི་ཆོས་ཀྱི་འཁོར་ལོ་སྟེ། གསུམ་དུ་དགོངས་པ་ངེས་འགྲེལ་དུ་བཤད་དོ། །