བུ་སྟོན་ཆོས་འབྱུང་།
༢༽. སྡེ་སྣོད་ཀྱི་ངེས་ཚིག།
上一章
13b
(༢༽. སྡེ་སྣོད་ཀྱི་ངེས་ཚིག།)
གཉིས་པ་ནི། སཾ་སྐྲྀ་ཏ་ལ་པི་ཊ་ཀ་ཞེས་འབྱུང་ཞིང་པཎྜི་ཏ་ཞེས་བསྒྱུར་ན། གོང་བུའམ་བསྡུས་པ་སྟེ། དོན་མང་པོ་བརྗོད་བྱར་བསྡུས་པའམ་ཤེས་བྱ་ཐམས་ཅད་བརྗོད་བྱར་བསྡུས་པས་སྡེ་སྣོད་དོ། །ཡང་ན་པི་ཊ་ཀ་ཞེས་པ་ཡུལ་དབུས་ཀྱི་བྲེ་བོ་ཆེའི་མིང་ཡིན་ལ། བྲེ་བོ་ཆེའི་ནང་དུ་བྲེའུ་ཆུང་མང་པོ་འདུས་པ་བཞིན་དུ་འདི་དག་གི་ནང་དུ་བརྗོད་བྱ་བསླབ་བྱ་མང་པོ་འདུས་པས་སྡེ་སྣོད་དོ། །