བུ་སྟོན་ཆོས་འབྱུང་།
༡. དེ་ཕར་ཕྱིན་ལ་སྦྱར་བ།
上一章
44a
(༡. དེ་ཕར་ཕྱིན་ལ་སྦྱར་བ།)
དང་པོ་ནི། མདོ་སྡེ་རྒྱན་ནས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚོགས། །བསོད་ནམས་ཡེ་ཤེས་མཚུངས་པ་མེད། །གཅིག་གིས་འཁོར་བར་མངོན་མཐོ་བྱེད། །གཞན་གྱིས་ཉོན་མོངས་མེད་པར་འཁོར། །ཞེས་པས་མངོན་མཐོ་ངེས་ལེགས་ཀྱི་རྒྱུར་གྱུར་པའི་དགེ་བ་ཟག་བཅས་ཟག་མེད་རྣམས་ནི་ཚོགས་ཀྱི་རང་བཞིན་ནོ། །