རྒྱ་ནག་ཆོས་འབྱུང་།
ཕྱོགས་འདིར་མཛད་པའི་བསྟན་བཅོས་སྣ་ཚོགས་ཀྱི་སྐོར།
(ཕྱོགས་འདིར་མཛད་པའི་བསྟན་བཅོས་སྣ་ཚོགས་ཀྱི་སྐོར།)
༈ ཕྱི་མ་ནི། ཤཱཀྱའི་ཆོས་འབྱུང་རྒྱས་པ་བམ་བཅུ་ཧྭ་ཤང་སེང་ཡིའུ་ཀིས་མཛད་པ། དེའི་བསྡུས་དོན་བམ་གང་འདུལ་འཛིན་དཱའུ་ཥུའན་གྱིས་མཛད། དེས་མཛད་པའི་མི་མཇེད་ཞིང་གི་བཀོད་པ་བམ་དོ། སྣོད་བཅུད་ཀྱི་བཀོད་པ་ཆེན་པོ་བམ་པོ་ལྔ་བཅུ་པ་ཧྭ་ཤང་རིན་ཆེན་དབྱངས་སོགས་ཀྱིས་མཛད། གཟུངས་བསྡུས་བམ་པོ་བཅུ་པ། (སྣ་བརྒྱ་དང་གྱ་ལྔ་ཡོད།)
ཆོས་ཆོས་ཐམས་ཅད་ལས་ཉེ་བར་མཁོ་བ་བསྡུས་པ་བམ་པོ་ཉི་ཤུ་པ། སྡེ་སྣོད་གསུམ་ཀའི་ཆོས་ཀྱི་རྣམ་གྲངས་ཀྱི་བརྗེད་བྱང་ཆེན་པོ་བམ་པོ་བཅོ་ལྔ་པ། སུས་གུར་གྱི་ཁའི་ཧུའང་ལོའི་ཀར་ཆག་སྔ་ཕྱི་གཉིས། གཞིན་ཞེའུ་ལོའི་དཀར་ཆག། ཆེན་པོ་ཐང་གི་ནེའི་ཏིའན་ལའུ་ཀར་ཆག། དེའི་ཁ་སྐོང་། སྒྲ་བསྒྱུར་སྔ་ཕྱིའི་དཔེའུ་རིས། དེའི་ཁ་སྐོང་། རྒྱལ་མོ་ཨུ་ཙེ་ཐིའན་གྱི་དུས་བསྒྲིགས་པའི་ཀར་ཆག་བམ་པོ་བཅོ་ལྔ། ཁའི་ཡུའན་ལའུ་དཀར་ཆག་བམ་པོ་ཉི་ཤུ། མིང་དོན་བརྡ་སྤྲོད་བམ་པོ་ཉི་ཤུ་རྩ་ལྔ་པ། ཕལ་པོ་ཆེའི་མིང་དོན་བརྡ་སྤྲོད། འཕགས་ཡུལ་གྱི་བཀོད་པ་བམ་པོ་བཅུ་གཉིས་པ་ཥུའན་ཊུའང་ཧྥཱ་ཤིའས་མཛད། བན་བོན་གྱི་དབྱེ་བ་བམ་བཞི། དེའི་ཁ་སྐོང་། ཙི་ནའི་ཡུལ་འདིར་བསྟན་པའི་བྱིན་རླབས་ཀྱི་ངོ་མཚར་སྣང་བའི་བརྗེད་བྱང་བམ་གསུམ། རབ་བྱུང་གིས་ཁྱིམ་པ་ལ་ཞེ་ས་འབུལ་མི་རུང་བ་སོགས་ཧྭ་ཤང་ཡན་ཙུང་གིས་མཛད་པ་བམ་དྲུག། ཥུའན་ཊུའང་ཧྥཱ་ཤིའི་རྣམ་ཐར་བམ་བཅུ། འཕགས་ཡུལ་དུ་ཕྱིན་ཀྱང་འཕྲིན་ལས་ཐར་མ་ཕྱིན་པར་ཆུད་ཟོས་པའི་དགེ་བཤེས་ལྔ་བཅུ་རྩ་དྲུག་གི་རྣམ་ཐར། ལོ་ཆེན་ཧྥཱ་ཥིའན་གྱི་རྣམ་ཐར། བླ་ཆེན་རྣམ་ཐར་བམ་པོ་བཅུ་བཞི་པ། དེའི་སྐོང་བམ་པོ་སུམ་ཅུ་པ། ལོག་རྟོག་བསལ་བ་བམ་བརྒྱད། རྒོལ་ངན་ཚར་གཅོད་བམ་པོ་གཉིས་པ་ཚན་གཉིས། ཐེ་ཚོམ་བཅུ་བསལ། བསྟན་རིམ་རྣམ་བཞག་བམ་པོ་བཅུ་བཞི། དེའི་ཁ་སྐོང་བམ་པོ་གསུམ་

༄༅། །ཅུ་པ། བཤགས་པའི་སྐོར་གཅིག་ཏུ་བསྡུས་པ། སིངྒྷ་ལ་ནས་སྤྱན་དྲངས་པའི་བསླབ་པའི་ཚད་མ་བམ་བཞི། དགེ་སློང་མའི་རྣམ་ཐར་བམ་གསུམ། གཞི་གསུམ་ཆོ་ག། ལོངས་སྤྱོད་པའི་ཆུ་གསུམ་མདོར་བསྟན། སྲོག་ཆགས་སྐྱོབ་པའི་ལག་ལེན། མིང་དོན་བརྡ་སྤྲོད་ཆེན་པོ་བམ་པོ་བརྒྱ་པ་ཧྭ་ཤང་ཤེས་རབ་ཚལ་གྱིས་བསྒྲིགས་པ། དེའི་ཁ་སྐོང་བམ་བཅུ། ཧྭ་ཤང་ཆེན་པོ་ཧྥཱ་ལིན་གྱི་རྣམ་ཐར། ཊེན་ཡུའན་ལའུ་ཀར་ཆག་བམ་གསུམ། ཉེར་མཁོ་སྣ་ཚོགས་བམ་བརྒྱ། ཧྭ་ཤང་ཧེང་ལིན་གྱིས་གཟུངས་སྔགས་ཟབ་མོ་ཕྱོགས་གཅིག་ཏུ་བསྒྲིགས་པ་བམ་པོ་གསུམ་བཅུ་པ། ཧྭ་ཤང་ཟིཥི་ཡོའུ་གིས་སངས་རྒྱས་བྱང་སེམས་མང་པོའི་མཚན་གཅིག་ཏུ་བསྒྲིགས་པ་བམ་པོ་ཉེར་གཉིས། འདོད་པ་བཞིན་ཞིང་བཟང་པོར་སྐྱེ་བ་ལེན་ཐབས་ཧྭ་ཤང་རྙོག་མེད་ཀྱིས་བསྒྲིགས་པ་བམ་པོ་ཉི་ཤུ། ཕལ་པོ་ཆེའི་ལེ་གྲངས་མཉམ་བསྟོད་སུང་གུར་ཡུའུ་ཥིཡོའུ་རྒྱལ་པོས་མཛད་པ། སངས་རྒྱས་ཕལ་པོ་ཆེའི་རྒྱ་ཆེར་འགྲེལ་པ་བམ་པོ་བརྒྱ་པ་ཧྭ་ཤང་ལིང་པིའན་གྱིས་མཛད་པ། ཕལ་པོ་ཆེའི་ལེ་གྲངས་ཀྱི་རྒྱས་བཤད་བམ་པོ་གསུམ་བཅུ། དྲི་མེད་གྲགས་པས་བསྟན་པའི་འགྲེལ་པ་ཀུ་མཱ་ར་དཔོན་སློབ་ཀྱིས་མཛད་པ་བམ་པོ་གསུམ་ཅུ། སྟོན་པའི་བཀའ་ཆེམས་ཀྱི་འགྲེལ་པ་བམ་གང་འགྱུར་བྱང་མེད། མཆོག་གསུམ་གྱི་བསྟོད་པ་བམ་གང་སུང་གུར་ཥི་ཡོའུ་མིང་རྒྱལ་པོས་མཛད་ཅིང་ཆིང་སང་ལྱུའི་

ཡི་ཀིའན་གྱིས་འགྲེལ་པ་བཏབ་པ། རབ་བྱེད་ཞེ་གཉིས་པའི་འགྲེལ་པ་མཛད་བྱང་མེད། སུང་གུར་རྒྱལ་མོ་བཞིན་ཞེའུ་ཚི་ཞེང་ཐའི་ཧེའུ་གིས་མཛད་པའི་སྨོན་ལམ་རྩ་འགྲེལ། བློན་པོ་ཡེའི་ཥིའུ་གིས་མཛད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་རིམ་པ། འཇམ་དབྱངས་རྣམ་འཕྲུལ་ཆིང་ལིའང་ཀྭ་ཤིའས་མཛད་པའི་ཕལ་པོ་ཆེའི་ཊིཀྐ་བམ་པོ་བཞི་བཅུ། དེའི་བསྡུས་དོན་བམ་ཅུ། རྒྱ་ཆེར་བཤད་པ་བམ་པོ་དྲུག་ཅུ་པ། ཧྭ་ཤང་དྭའུ་ཡེན་གྱིས་མཛད་པའི་རྡོ་རྗེ་བཤད་པའི་འགྲེལ་པ་བམ་དྲུག །སློབ་དཔོན་ཁུའི་ཀི་ཧྥཱ་ཤིའས་མཛད་པའི་སྐོར་ལ། སེམས་ཙམ་དུ་གྲུབ་པ་བམ་བཅུ། དེའི་བསྡུས་དོན་བམ་གསུམ། དགའ་ལྡན་དུ་སྐྱེ་བ་འཛིན་པའི་མདོའི་འགྲེལ་པ་བམ་དོ། ཚད་མའི་འགྲེལ་པ། ཆོས་བརྒྱ་པའི་མན་ངག་ཚིགས་ལེའུར་བྱས་པ། བྱམས་ཆོས་ཀྱི་ལེ་ཕྲན་ཊིཀྐ་ཚིགས་ལེའུར་བྱས་པ། ཆོས་དོན་ལྗོན་པའི་ནགས་ཚལ་བམ་དྲུག །ཆོས་བརྒྱ་པའི་འགྲེལ་པ་ཧྭ་ཤང་ཨཱི་ཊུང་གིས་མཛད། ལེགས་ཚོགས་ཡོངས་འདུས་ཊི་ཀིཡོ་ཋན་ཤིའས་མཛད་པ། ཡང་ཁུའི་ཀིས་མཛད་པའི་ཚད་མའི་ཡང་འགྲེལ་བམ་གསུམ་དང་ཤེར་སྙིང་གི་འགྲེལ་པ་དང་བདེ་བ་ཅན་གྱི་ཞིང་བཀོད་ཀྱི་ཊིཀྐར་བམ་དོ་རེ། སྡེ་པ་གཞན་གྱི་སྡོམ་འགྲེལ་དང་བྱམས་པ་ལུང་བསྟན་གྱི་འགྲེལ་པ་བམ་རེ། དམ་ཆོས་པད་དཀར་གྱི་འགྲེལ་པ་བམ་བཅུ། བྱམས་ཆོས་སྤྱི་སྡོམ་བམ་པོ་བཅུ་དྲུག་རྣམས་དང་། ཧྭ་ཤང་ཆིང་སུའི་མཛད་པའི་ཆོས་སྡེ་ལྔའི་རྒྱུ་ཆེར་

༄༅། །བཤད་པ་བམ་པོ་ཞེ་གཅིག་པ། སྡེ་ལྔའི་བཤད་སྦྱར་བམ་པོ་ཉི་བུ་པ་ཧྭ་ཤང་ཋུང་ཡུའི་གིས་མཛད། ཐིའན་ཐའི་ཊི་རྩེ་དཱ་ཤིའས་མཛད་པའི་དམ་ཆོས་པད་དཀར་གྱི་འགྲེལ་པ་བམ་བཅུ། དེའི་ཊིཀྐ་སློབ་དཔོན་བཤད་མ་ཐག་པའི་ཡང་སློབ་ཆན་བཞན་གྱིས་མཛད་པ་བམ་བཅུ། ཡང་ཊི་ཅེས་མཛད་པའི་འགྲེལ་པ་གཅིག་དང་། ཆན་བཞན་གྱི་ཡང་འགྲེལ་གཅིག་བམ་བཅུ་རེ། ཊི་ཅེས་མཛད་པའི་ཞི་ལྷག་ཆེན་པོ་བམ་པོ་བཅུ། ཆན་བཞན་གྱིས་མཛད་པའི་དེ་འགྲེལ་བམ་པོ་བཅོ་ལྔ། གནས་བརྟན་ཊང་ཨན་གྱིས་མཛད་པའི་མདོ་མྱང་འདས་ཀྱི་རྒྱས་བཤད་བམ་པོ་བཅོ་ལྔ་དང་བསྡུས་བཤད་བམ་དོ། ཡང་ཊི་ཅེ་དཔོན་སློབ་གྱིས་མཛད་པའི་སྐོར་ལ། སློབ་དཔོན་ཊི་ཅེས་མཛད་པའི་གསེར་འོད་ཀྱི་ཊིཀྐ་ཆེ་ཆུང་གཉིས་དང་དོན་ཞགས་རྣམ་ཐར་ཀྱི་ཟབ་དོན། ཚེ་དཔག་མེད་བསྒོམ་པའི་གསལ་བྱེད། དགོངས་དོན་བཞི་བཤད་དང་དྲན་ཉེ་བཞི་བཤད་བམ་བཞི་རེ། སེམས་བསྒོམ་པའི་རིམ་པའི་རྒྱས་བཤད་བམ་དོ་སློབ་མ་ཀུའན་ཏིང་གིས་མཛད། བྱང་སྡོམ་གྱི་རྒྱས་བཤད་བམ་དོ། སློབ་དཔོན་གྱིས་མཛད། ཞི་ལྷག་གི་བསྡུས་དོན་སློབ་མ་ཆན་བཞན་གྱིས་མཛད་པ། སེམས་བསྒོམ་པའི་རིམ་པ་སློབ་དཔོན་གྱིས་མཛད། རྡོ་རྗེའི་སྟ་རེ་ཞེས་བྱ་བ་ཆན་བཞན་གྱིས་མཛད། ཀྭ་ཆིང་ཟིའི་མཛད་པ་བརྒྱ་པ་ཀུའན་ཏིང་གིས་མཛད། ཆོས་ཀྱི་དབྱིངས་ལ་འཇུག་པའི་སྒོ་བམ་གསུམ་སློབ་དཔོན་གྱིས་མཛད། ཞི་

ལྷག་གི་རབ་ཏུ་བྱེད་པ་ཆན་བཞན་གྱིས་མཛད། ཤིན་ཏུ་རྒྱས་པའི་ཏིང་ངེ་འཛིན་སློབ་མ་ཙུན་ཤིས་མཛད། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་རིམ་པ་དང་དྲི་མེད་གྲགས་པས་བསྟན་པའི་འགྲེལ་པ་བམ་བཅུ་རེ། དེ་ལས་ཆུང་བ་བམ་དྲུག་མ། དོན་ཞགས་རྣམ་ཐར་གྱི་འགྲེལ་པ་བམ་དོ་སྟེ་བཞི་ཀ་སློབ་དཔོན་གྱིས་མཛད་པ། དམ་ཆོས་པད་དཀར་གྱི་ཏིང་ངེ་འཛིན་གྱི་ཚད་མ་ཙུན་ཤིས་མཛད། ཏིང་ངེ་འཛིན་སྒོ་དྲུག་པ་སློབ་དཔོན་གྱིས་མཛད་པ། བསྟན་སྒྲོན་བརྒྱུད་པ་རིན་པོ་ཆེའི་ཚོམས་སུང་གུར་གྱི་བློན་པོ་ཡང་ཨི་སོགས་ཀྱིས་བསྒྲིགས་པ་བམ་པོ་བཅོ་ལྔ་པ། ཧྭ་ཤང་ཝེའི་ཀྱིང་སོགས་ཀྱིས་བསྒྲིགས་པའི་རྒྱ་གར་གྱི་ཡི་གེའི་ཕྱི་མོ་བམ་བདུན། མངོན་པར་རྫོགས་པར་བྱང་ཆུབ་པའི་དཀྱིལ་ཆོག་ཆེན་མོ་བམ་པོ་བཅོ་བརྒྱད་པ་ཧྭ་ཤང་ཙུང་མིས་མཛད། བསྟན་སྒྲོན་བརྒྱུད་རིམ་ཆེན་མོ་བམ་པོ་སོ་གཅིག་པ་གོ་ས་ཊེན་ཀྭ་ཀུང་ཡིན་པ་ལ་ཀྱི་ཡེ་ཏུ་ཤིའི་ལས་ཀ་ཅན་ཧྥུ་མ་ཏུ་ཡུའི་སྟེ་སྐུ་མག་བློན་ཆེན་ལི་ཥྱུས་ཀྱིས་མཛད་པ་ཀར་ཆག་སིའང་ཧྥུ་ལའུ་བམ་པོ་ཉེར་གཉིས། ཀིང་ཡིའུ་ལཱུ་བམ་པོ་ཉེར་གཅིག །རྣམ་ཐར་རིན་པོ་ཆེའི་ཚལ་བམ་པོ་དགུ་པ་ཧྭ་ཤང་ཆོས་སྒྲོན་གྱིས་མཛད། སྙིང་རྗེ་ཅན་གྱི་དཀྱིལ་ཆོག་གི་བཤགས་པའི་རིམ་པ་ཧྭ་ཤང་ཊི་ཀུང་དང་པོའུ་ཐང་གིས་བསྒྲིགས་པའི་བམ་བཅུ། བརྒྱུད་རིམ་ཀར་ཆག་ཏིང་ཏེ་ལཱུ་བམ་པོ་སུམ་ཅུ། རིན་པོ་ཆེའི་བང་མཛོད་ཀྱི་རྣམ་བཞག་ཋན་ཤིའ་ཆེན་པོ་སངས་རྒྱས་བྱིན་གྱིས་མཛད་པ་

༄༅། །བམ་པོ་གསུམ་པ། ཟབ་དོན་བཤད་པའི་ཚོམས་བམ་པོ་དྲུག་པ་ཆེན་པོ་ཧོར་གྱི་ཧན་ལིན་ཥི་ཡོ་ཞི་སྟེ་རིག་གྲའི་བློན་པོ་སྐལ་བཟང་གིས་བསྒྲིགས་པ། (འདི་གཉིས་དང་གོང་དུ་སོང་བའི་རྒྱ་གར་གྱི་ཡི་གེའི་ཕྱི་མོ་རྣམ་པ་ད་ལྟའི་བཀའ་བསྟན་ནང་མེད།)རྣམས་བཞུགས་སོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། ལྷ་གླིང་ཙི་ནའི་ཡུལ་འདིར་འགྱུར་རོ་ཅོག །བཀའ་བསྟན་སྡེ་སྣོད་གསུམ་གྱིས་བསྡུས་པ་ལས། ཐེག་ཆེན་རྒྱུ་ཡི་མདོ་སྡེ་ཉིས་བརྒྱ་དང་། །ཉི་ཤུ་རྩ་གཅིག་པུསྟ་ཀ་ཡི་གྲངས། །འབྲས་བུ་རིག་པ་འཛིན་པའི་སྡེ་སྣོད་ལ། །པོ་ཏི་གཅིག་གིས་ལྷག་པའི་དྲུག་ཅུ་སྟེ། །ཐེག་པ་འོག་མའི་མདོ་སྡེར་ངོས་འཛིན་པའི། །དམ་ཆོས་པོ་ཏི་ལྔ་བཅུ་རྩ་བདུན་ནོ། །ཐེག་པ་ཆེན་པོའི་འདུལ་བ་པོ་ཏི་ལྔ། །ཆུང་ངུའི་འདུལ་བ་པོ་ཏི་ལྔ་བཅུ་གཅིག །མངོན་པ་མཆོག་སྐོར་པོ་ཏི་དྲུག་ཅུ་གཉིས། །དམན་པར་གཏོགས་ལ་པོཏ་གྲངས་བདུན་བཅུ་གསུམ། །ཞར་བྱུང་འཕགས་ཡུལ་བསྟན་ཆོས་པོཏ་ཉེར་གཅིག །འདིར་མཛད་པོ་ཏི་བརྒྱ་དང་ལྔ་བཅུ་གསུམ། །ཁྱོན་སྡོམས་པ་པོ་ཏི་བདུན་བརྒྱ་རྩ་བཞི་སྟེ། །ཆེན་པོ་ཧོར་དུས་ཡན་ཆད་དེ་ཙམ་བྱུང་། །ཞེས་སོ། །
