རྟ་ནག་ཆོས་འབྱུང་།

༡. བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཚུལ།

上一章
下一章

(༡. བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཚུལ།)

དང་པོ་སེམས་བསྐྱེད་ཚུལ་ནི། ཉན་ཐོས་ཀྱི་ལུགས་ལ་རྒྱལ་པོ་གསལ་གྲགས་སུ་གྱུར་པའི་ཚེ་སེམས་བསྐྱེད་པར་བཤད་ཅིང་། ཐེག་པ་ཆེན་པོའི་ལུགས་ལ་སྙིང་རྗེ་པད་དཀར་ལས། བྲམ་ཟེ་རྒྱ་མཚོའི་རྡུལ་ཞེས་བྱ་བར་གྱུར་པའི་ཚེ་སེམས་བསྐྱེད་པར་བཤད་པ་དང་། བསྐལ་བཟང་ལས། རྫ་མཁན་གྱི་ཁྱེའུ་སྣང་བྱེད་དུ་གྱུར་བའི་ཚེ་སངས་རྒྱས་ཤཱཀྱ་ཐུབ་པ་ཆེན་པོ་ལ་སེམས་བསྐྱེད་པར་བཤད་པ་དང་། དྲིན་ལན་བསབས་པའི་མདོ་ལས། དམྱལ་བའི་ཤིང་རྟ་འདྲེན་པའི་གྱད་དུ་གྱུར་པའི་ཚེ་སེམས་བསྐྱེད་པར་བཤད་པ་དང་། ཕུང་པོ་གསུམ་པ་ལས། ཚོང་དཔོན་གྱི་བུ་མངོན་དགར་གྱུར་པའི་ཚེ་དེ་བཞིན་གཤེགས་པ་མཛེས་ཆེན་ལ་སེམས་བསྐྱེད་པར་བཤད་པ་དང། ཡང་རྒྱལ་པོ་འོད་ལྡན་དུ་གྱུར་པའི་ཚེ་འཇིགས་པས་ཉེན་པའི་འགྲོ་བ་དུ་མ་ལ་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་བྱིན་ནས། སྦྱིན་པ་འདི་ཡིས་ཤཱཀྱའི་རིགས་སྐྱེས་ནས། །ཡོན་ཏན་རིགས་རུས་མཉམ་པའི་སངས་རྒྱས་འགྱུར། །ཚངས་པའི་བར་གྱི་ཉམ་ཐག་འགྲོ་བ་རྣམས། །ཞི་བ་རྒྱ་ཆེན་འཇིགས་མེད་ཐོབ་པར་ཤོག །ཅེས་སྨོན་ལམ་བཏབ་ཅིང་སེམས་བསྐྱེད་པར་

8b

བཤད།