རྟ་ནག་ཆོས་འབྱུང་།
༢. ཐེག་པ་ཆེན་པོའི་ལུགས།
上一章
(༢. ཐེག་པ་ཆེན་པོའི་ལུགས།)
གཉིས་པ་ཐེག་པ་ཆེན་པོའི་ལུགས་ནི། རྒྱལ་པོའི་ཁབ་ཀྱི་ལྷོ་ཕྱོགས་བི་མ་ལ་སྭ་བྷ་ཝ་ཞེས་པའི་རི་ལ་རྒྱལ་སྲས་འབུམ་ཕྲག་བཅུ་འདུས་ཏེ། འཇམ་དཔལ་གྱིས་མངོན་པ། །བྱམས་པས་འདུལ་བ། ཕྱག་ན་རྡོ་རྗེས་མདོ་སྡེ་བསྡུས་པ་ཡིན་ཏེ། རྟོག་གེ་འབར་བ་ལས་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་གསུངས་པ་ཡིན་ཏེ། རྩ་
14b
བའི་སྡུད་པར་བྱེད་པ་པོ་ཀུན་ཏུ་བཟང་པོ་དང་། འཇམ་དཔལ་དང་། གསང་བའི་བདག་པོ་དང་། བྱམས་པ་ལ་སོགས་པས་བསྡུས་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར།
