རྟ་ནག་ཆོས་འབྱུང་།

དྲུག་པ། ཞལ་བྱུང་གི་ཚུལ་དུ་ཕྱི་ནང་གི་གྲུབ་མཐའི་ཁྱད་པར་སོགས་བཤད་པ།

上一章
下一章

(དྲུག་པ། ཞལ་བྱུང་གི་ཚུལ་དུ་ཕྱི་ནང་གི་གྲུབ་མཐའི་ཁྱད་པར་སོགས་བཤད་པ།)

དྲུག་པ་ནི། མཁས་པས་འཛིན་པའི་གྲུབ་མཐའ་ལ་ནང་པ་སངས་རྒྱས་པ་དང་། ཕྱི་པ་མུ་སྟེགས་པ་གཉིས་སུ་ཡོད་ལ། དེ་གང་རུང་ལས་གཞན་པའི་ར་མ་ཎས་བྱས་པ་དང་། ཀླ་ཀློའི་སྟོན་པ་སྦྲང་རྩིའི་བློ་གྲོས་དང་། ཨ་དྷོ་ལ་སོགས་པས་བྱས་པ་དང་།

15b

བོད་དུ་སྟོན་པ་གཤེན་རབ་འཁོར་བཅས་ཀྱིས་བྱས་པའི་གྲུབ་མཐའ་རྣམས་ནི་བླུན་པོས་གློ་བུར་དུ་སྒྲོ་བཏགས་པ་ཡིན་གྱི་མཁས་པས་འཛིན་པའི་གྲུབ་མཐའ་མ་ཡིན་ཏེ། ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏས་མཁས་པ་འཇུག་པའི་སྒོ་ལས། མཁས་པས་འཛིན་པའི་གྲུབ་མཐའ་ནི། །སངས་རྒྱས་པ་དང་མུ་སྟེགས་བྱེད། །དེ་ལས་གཞན་པ་བླུན་པོ་ཡིས། །གློ་བུར་བཏགས་པའི་གྲུབ་མཐའ་ཡིན། །ཞེས་གསུངས་པའི་ཕྱིར།