རྟ་ནག་ཆོས་འབྱུང་།
༣ དབང་པོ་བཅུ་གཅིག
上一章
(༣ དབང་པོ་བཅུ་གཅིག)
ང་རྒྱལ་དང་པོ་དེ་ལས་དབང་པོ་བཅུ་གཅིག་སྐྱེ་སྟེ། མིག །རྣ་བ། སྣ། ལྕེ། ལུས་ཏེ་ནང་བློའི་དབང་པོ་ལྔ། ཁ་ལག་པ་རྐང་པ་བཤང་ལམ་མདོམས་ཏེ་ཕྱི་ལས་ཀྱི་དབང་པོ་ལྔ། ཕྱི་ནང་གཉིས་ཀ་ལ་ཁྱབ་པ་ཡིད་ཀྱི་དབང་པོ་དང་བཅུ་གཅིག་གོ། །