རྟ་ནག་ཆོས་འབྱུང་།
༢. སྐྱེས་བུ་གཙོ་བོ་ལ་ལོངས་སྤྱོད་ཚུལ།
上一章
(༢. སྐྱེས་བུ་གཙོ་བོ་ལ་ལོངས་སྤྱོད་ཚུལ།)
གཉིས་པ་ནི། བདེ་སོགས་མི་གསལ་བ་གཙོ་བོའི་རང་བཞིན་དུ་ཡོད་ལ། གསལ་
20a
༄༅། །བ་ལ་ཕྱི་རོལ་གཟུགས་སྒྲ་སོགས་ཀྱི་བདེ་སོགས། བློ་ངོ་བོ་ཉིད་ཀྱི་བདེ་སོགས། དེ་ལས་ཤར་བ་གཟུགས་བརྙན་གྱི་བདེ་སོགས་དང་གསུམ། དེ་ལ་ལོངས་སྤྱོད་ཚུལ་ནི་ཁ་ཕྱིར་བལྟས་ཀྱི་མེ་ལོང་གི་ངོས་ཞིག་ལ་གཟུགས་སྒྲ་སོགས་ཡུལ་གྱི་གཟུགས་བརྙན་ཤར། ནང་བལྟས་ཀྱི་ངོས་ཞིག་ལ་ཤེས་རིག་གི་གཟུགས་བརྙན་ཤར་བ་གཉིས་འདྲེས་པ་ལ་ལོངས་སྤྱོད་པའི་དོན་དུ་འདོད་དེ། དེ་ཉིད་ལས། ཇི་ལྟར་འོ་མ་སེམས་ལ་མེད་ན་ཡང་། །བེའུ་འཕེལ་བའི་རྒྱུ་མཚན་ཡིན་པ་ལྟར༑ །དེ་བཞིན་གཙོ་བོ་སྐྱེས་བུ་རྣམ་འཕེལ་བའི། །རྒྱུ་མཚན་ཉིད་དུ་འཇུག་པར་འགྱུར་བ་ཡིན། །ཞེས་དང་། སྐྱེས་བུ་ཉེ་བར་སྤྱོད་པ་དག །སྒྲུབ་ཕྱིར་གཙོ་བོ་རབ་འཇུག་སྟེ། །ལྟས་མོ་པ་དག་བསྒྲུབ་བྱའི་ཕྱིར། །གར་གྱི་ལྟས་མོ་བྱེད་པ་བཞིན། །ཞེས་འབྱུང་བའི་ཕྱིར་རོ། །
