རྟ་ནག་ཆོས་འབྱུང་།

བཞི་པ། མ་ཤེས་པའི་ཉེས་པ།

上一章
下一章

(བཞི་པ། མ་ཤེས་པའི་ཉེས་པ།)

བཞི་པ་ནི། གཙོ་བོ་རང་བཞིན་དང་གནས་སྐབས་འགྱུར་བའི་རྣམ་འགྱུར་ལ་བདག་གི་རྣམ་པར་བཟུང་བས་ཕྱིན་ཅི་ལོག་ཏུ་གྱུར་ནས་འཁོར་བར་འཁྱམ་པར་འདོད་དེ། དེ་ཉིད་ལས། རང་བཞིན་འཇུག་པ་ལས་ནི་ཡོན་ཏན་རྣམས། །མུན་པས་བསྒྲིབས་ཕྱིར་ཕྱིན་ཅི་ལོག་སེམས་ཀྱིས། །བདག་གིས་བྱས་ཞེས་མི་མཁས་སེམས་དཔའ་ཡིན། །རྩ་འགྲུབ་སྐྱེད་པའི་ནུས་པའང་ཡོད་མ་ཡིན། །ཞེས་དང་། སྐྱེས་བུ་འདི་ནི་དོན་དམ་དུ། །རྟོགས་པ་དག་པའི་རང་བཞིན་ཏེ། །རང་བཞིན་དེ་ལྟར་མ་ཤེས་པས། །རྨོངས་པ་རྟག་ཏུ་འཁོར་བར་འཁྱམ། །ཞེས་འབྱུང་བའི་ཕྱིར།