རྟ་ནག་ཆོས་འབྱུང་།

བཞི་པ། ཟད་བྱེད་པ།

上一章
下一章

(བཞི་པ། ཟད་བྱེད་པ།)

ཟད་བྱེད་པ་ནི་གཅེར་བུ་པ་སྟེ། དེ་ཡང་དཀའ་ཐུབ་ཀྱིས་ལས་ཟད་པར་བྱེད་པས་ཟད་བྱེད་པ། དྲང་སྲོང་རྒྱལ་བ་དམ་པས་རྗེས་སུ་འབྲངས་པས་རྒྱལ་བ་དམ་པ་བ་དང་། ཤེས་བྱ་ཐམས་ཅད་ཚིག་གི་དོན་དགུར་བསྡུས་ནས་འཆད་པར་བྱེད་པས་ཚིག་དོན་དགུ་པ་དང་། སྲོག་ནི་ལུས་ཀྱི་ཚད་བཞིན་དུ་ཆེ་ཆུང་དུ་ཡོད་ཅིང་། སྲོག་ལྡན་ནི་ས་ཆུ་མེ་རླུང་ལྗོན་པ་དང་འབྲས་བུ་སྟེ་དྲུག་ཏུ་འདོད་པས་སྲོག་གི་སྡེ་ཚན་པ་དང་། ངོ་ཚ་མེད་པས་འཛེམ་མེད་

22b

པ༑ གོས་མེད་པས་གཅེར་བུ་པ། ལུས་ཐལ་མདོག་ཏུ་ཡོད་པས་ཐལ་མདོག་པ། གོས་གཞན་མེད་པས་ཕྱོགས་ཀྱི་གོས་ཅན། ནམ་མཁའི་གོས་ཅན་ཡིན་པས་ནམ་མཁའི་གོས་ཅན། ཕྱོགས་ཀུན་ཏུ་འགྲོ་བས་ཀུན་ཏུ་རྒྱུ་ཞེས་པ་རྣམས་མིང་གི་རྣམ་གྲངས་སོ། །དེའི་གྲུབ་པའི་མཐའ་ནི་དྲང་སྲོང་རྒྱལ་བ་དམ་པས། སྲོག་དང་ཟག་པ་སྡོམ་པ་དང་། །ངེས་པར་རྒ་དང་འཆིང་དང་ལས། །སྡིག་དང་བསོད་ནམས་ཐར་པ་སྟེ། །ཤེས་བྱ་ཚིག་གི་དོན་དགུར་ངེས། །ཞེས་འབྱུང་བའི་ཕྱིར། དེ་ཡང་སྲོག་ལྡན་ནི་འབྱུང་བ་བཞི་དང་། སྲིན་བུ་པདྨ་ཅན། ཉ་ཕྱིས། བུང་བ། སྦྲང་བུ་མཆུ་རིངས་ལ་སོགས་པའོ། །ཟག་པ་ནི། དགེ་སྡིག་གི་ལས་རྣམས་ཟག་བཅས་སུ་འདོད་པའོ། །སྡོམ་པ་ནི་ཟག་པ་འགོག་པ་སྟེ། ལས་གསར་དུ་མི་གསོག་པའོ། །ངེས་པར་རྒ་བ་ནི་དཀའ་ཐུབ་ཀྱི་སྒོ་ནས་ལུས་གདུང་བར་བྱེད་པའོ། །འཆིང་བ་ནི་ལྟ་བ་ལ་སོགས་པ་རྣམས་སོ། །ལས་ནི་མྱོང་འགྱུར་གྱི་ལས་དང་། མིང་དང་རུས་དང་ཚེས་ལ་སོགས་པའོ། །སྡིག་པ་ནི་ཆོས་མ་ཡིན་པའོ། །བསོད་ནམས་ནི་ཆོས་སོ། །ཐར་པ་ནི་ལས་ཐམས་ཅད་ཟད་པ། འཇིག་རྟེན་ཐམས་ཅད་ཀྱི་གོང་ན་ཡོད་པ་སྲོག་དང་ལྡན་པའི་དངོས་པོ་གདུགས་ནམ་མཁའ་ལ་བཀན་པའི་དབྱིབས་འདྲ་བ་དཀར་ལ་འཚེར་བ་ཞིག་ཡོད་པར་འདོད་དེ། ཁ་བ་རྒྱ་སྤོས་མེ་ཏོག་མདོག །བ་ཞོ་བ་མོ་མུ་ཏིག་མདོག །གདུགས་བཀན་བཟུང་བའི་དབྱིབས་འདྲ་བ། །ཐར་པ་ཡིན་པ་རྒྱལ་བས་བཤད། །ཅེས་འབྱུང་བའི་ཕྱིར། དེས་ཤིང་སེམས་ལྡན་དུ་འདོད་དེ། ལོ་མ་བཅད་ན་འགུལ་ཞིང་པགས་པ་བཤུས་ན་འཆི་བའི་ཕྱིར། ཞེས་ཟེར་ཞིང་རང་གཅེར་བུར་གནས་པ་སྟེ་ཕྱི་

23a

༄༅།       །རོལ་པ་ལ་ལྟོས་ཏེ་སྙིང་རྗེ་ཆེ་བ་ཞིག་ཡིན་པར་བཤད་དེ། ཁྱད་པར་འཕགས་བསྟོད་ལས། ལུས་ཀྱི་དཀའ་ཐུབ་བགྱིས་པ་ཡིས། །མདུད་པ་འཇིག་པ་གཅེར་བུས་འཚལ། །ཁྱོད་ཀྱིས་ཐུགས་ཀྱི་དཀའ་ཐུབ་ཀྱིས། །མདུད་པ་འཇིག་པར་བཞེད་པ་ལེགས། །ཞེས་གསུངས་པའི་ཕྱིར། ཤིང་སེམས་ལྡན་ཡིན་པའི་དོན་ཡང་ཤིང་ཏིན་ཏི་ཀ་ལྟ་བུ་སེམས་དང་བཅས་པ་ཡིན་ཏེ། མཚན་མོ་ལོ་མ་བསྐུམ་ནས་ཉལ་བའི་ཕྱིར། །འཁྲིལ་ཤིང་ལ་མིག་གི་དབང་པོ་ཡོད་དེ། གོ་སྐབས་དང་བཅས་པ་ན་སྐྱེ་ཞིང་འགྲོ་བའི་ཕྱིར། ཆུ་ཤིང་ལ་རྣ་བའི་དབང་པོ་ཡོད་དེ། འབྲུག་གི་སྒྲ་ཐོས་པ་ན་འབྲས་བུ་འབྱིན་པའི་ཕྱིར། མ་དུ་ལུང་ཀ་ལ་སྣའི་དབང་པོ་ཡོད་དེ། དེའི་རྩར་ཁྱི་རོ་བཞག་པ་ན་འབྲས་བུ་འབྱིན་པའི་ཕྱིར། བ་ཀུ་ལ་དང་མྱ་ངན་མེད་པའི་ཤིང་ལ་ཡིད་ཀྱི་དབང་པོ་ཡོད་དེ། བ་ཀུ་ལའི་ཤིང་ལ་བུད་མེད་ལང་ཚོ་དང་ལྡན་པས་བུ་རམ་གྱི་ཆང་ཁས་གཏོར་ཞིང་རྒོད་པ་ན་མེ་ཏོག་རྒོད་ཅིང་འབྱུང་བའི་ཕྱིར། མྱ་ངན་མེད་པའི་ཤིང་འབྲས་བུ་མི་འབྱུང་བ་ལ་བུད་མེད་ལང་ཚོ་དང་ལྡན་པའི་རྐང་པ་རྒྱ་སྐྱེགས་ཀྱི་ཁུ་བས་བཀྲུས་ཤིང་རྐང་གདུབ་དང་ལྡན་པས་མནན་ན་མེ་ཏོག་དང་འབྲས་བུ་ཅིག་ཅར་འབྱུང་བའི་ཕྱིར། དེ་བཞིན་དུ་ས་སོགས་འབྱུང་བ་བཞི་སེམས་དང་བཅས་པ་ཡིན་པས། དེ་ལ་གནོད་པ་བྱས་ན་སྡིག་པ་འབྱུང་ངོ་། །དེ་བས་ན་ཀུན་དགའ་ར་བ་དང་མཆོད་རྟེན་ལྟ་བུ་བརྩིགས་ན་ས་ལ་གནོད་པས་བརྩིག་ཏུ་མི་རུང་ཞེས་ཟེར་ཏེ། ཁྱད་པར་འཕགས་བསྟོད་ལས། གཅེར་བུ་ཀུན་དགའ་ར་བ་སོགས། །བརྩིག་པ་སྡིག་པའི་རྒྱུ་ཞེས་ཟེར། །ཐམས་ཅད་མཁྱེན་པ་ཁྱོད་ཀྱིས་ནི། །དེ་ཉིད་བསོད་ནམས་

23b

རྒྱུ་ཞེས་གསུངས། །ཞེས་གསུངས་པའི་ཕྱིར། དེས་ན་བཞི་པོ་དེ་དག་ལ་མུ་སྟེགས་རྟག་ལྟ་བ་ཞེས་བྱ་སྟེ། ལས་རྒྱུ་འབྲས་བདེན་པར་འདོད་པའི་ཕྱིར་རོ། །