རྟ་ནག་ཆོས་འབྱུང་།

༢. སེམས་ཙམ་རྣམ་བརྫུན་པ།

上一章
下一章

(༢. སེམས་ཙམ་རྣམ་བརྫུན་པ།)

རྣམ་བརྫུན་པ་ལ་དབྱེ་ན་དྲི་བཅས་རྣམ་བརྫུན་པ་དང་། དྲི་མེད་རྣམ་བརྫུན་པ་གཉིས། དེ་གཉིས་ཀྱི་ཁྱད་པར་ནི། སངས་རྒྱས་ཀྱི་ཡེ་ཤེས་ལ་གཉིས་སྣང་གི་དྲི་མ་ཡོད་པར་འདོད་པ་དང་མེད་པར་འདོད་པའི་རྣམ་བརྫུན་པ་ཡིན་པའི་ཁྱད་པར་གྱིས་ཡིན། དེའི་གྲུབ་པའི་མཐའ་ནི། ཤེས་བྱ་གཞི་ལྔའི་ནང་ནས་འདུས་མ་བྱས་རྟག་པའི་གཞི། ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱི་གཞི། སྣང་བ་གཟུགས་ཀྱི་གཞི་གསུམ་བདེན་པར་མ་གྲུབ། གཞན་གཉིས་བདེན་པར་གྲུབ་ཅེས་འདོད་དེ། རིགས་གཏེར་ལས། ཤེས་བྱ་ནང་

27b

གིར་ཞུགས་པ་ན། །ཡུལ་དང་ཡུལ་ཅན་གྲུབ་པ་མེད། །ཅེས་དང་། མཁས་འཇུག་ལས། འདི་ལ་སེམས་ཙམ་ཕྱི་རོལ་དོན། །ཁས་ལེན་ཡིན་ཞེས་བོད་རྣམས་སྨྲ། །རྟག་དངོས་བཞིན་དུ་འདི་མི་སྲིད། །ཅེས་གསུངས་པའི་ཕྱིར། དེའི་དོན་ཡང་མདོ་སྡེ་པའི་ལུགས་ལ་རྟག་པའི་དངོས་པོ་མི་སྲིད་པ་བཞིན་དུ་སེམས་ཙམ་པས་ཕྱི་དོན་ཁས་མི་ལེན་ཞེས་པ་ཡིན་གྱིས། རྟག་དངོས་ཁས་མི་ལེན་པ་ནི་མ་ཡིན་ཏེ། གཟུང་འཛིན་གཉིས་སྟོང་གི་དེ་བཞིན་ཉིད་རྟག་དངོས་དང་། ཀུན་མཁྱེན་ཡེ་ཤེས་རྟག་ཤེས་སུ་འདོད་པའི་ཕྱིར་ཏེ། མགོན་པོ་ཀླུ་སྒྲུབ་ཀྱིས། ཡང་དག་རྫས་དངོས་བརྟག་པ་ལགས། །ཞེས་གསུངས་པའི་ཕྱིར།