རྟ་ནག་ཆོས་འབྱུང་།

དང་པོ། ཐེག་དམན།

上一章
下一章

(དང་པོ། ཐེག་དམན།)

ཐེག་དམན་པ་ལ་ཉན་ཐོས་དང་རང་སངས་རྒྱས་གཉིས།

དང་པོ་ནི། ཡང་དག་པའི་གདམས་ངག་ཉན་པའི་འབྲས་བུ་གཞན་ལ་ཐོས་པར་བྱེད་པས་ན་ཉན་ཐོས་ཞེས་བྱ་སྟེ། མདོ་སྡེ་པདྨ་དཀར་པོ་ལས། མགོན་པོ་དེ་རིང་བདག་ཅག་ཉན་ཐོས་གྱུར། །བྱང་ཆུབ་དམ་པ་ཡང་དག་བསྒྲགས་པར་གྱིས། །བྱང་ཆུབ་པ་ཡི་སྒྲ་ཡང་རབ་ཏུ་བརྗོད། །དེ་བས་བདག་ཅག་ཉན་ཐོས་མི་ཟད་འདྲ། །ཞེས་གསུངས་པའི་ཕྱིར། དེ་ལ་སྡེ་སྣོད་དང་གྲུབ་མཐས་ཕྱེ་བའི་ཉན་ཐོས་དང་། ལམ་དང་འབྲས་བུས་ཕྱེ་བའི་ཉན་ཐོས་གཉིས་ལས།