རྟ་ནག་ཆོས་འབྱུང་།
བླ་ན་མེད་པའི་རྒྱུད།
上一章
(བླ་ན་མེད་པའི་རྒྱུད།)
ཏིང་ངེ་འཛིན་གྱི་ཁྱད་པར་གོང་ན་མེད་པ་གཙོ་བོར་སྟོན་བས་ན་བླ་ན་མེད་པའི་རྒྱུད་ཅེས་བྱ་ལ། དབྱེ་ན་རྣལ་འབྱོར་ཆེན་པོ་ཐབས་ཀྱི་རྒྱུད། ཤེས་རབ་ཀྱི་རྒྱུད། གཉིས་ཀའི་རྒྱུད་དེ་གསུམ་མམ་ཡང་ན་ཕ་བླ་ན་མེད་པ། མ་བླ་ན་མེད་པ། གཉིས་ཀ་བླ་ན་མེད་པའི་རྒྱུད་དང་གསུམ་ལས། དེ་གསུམ་གྱི་ཁྱད་པར་ནི་རྒྱས་པར་ན་རབ་ཏུ་མང་ཡང་། མདོར་བསྡུ་ན་ཐབས་ཀྱི་ཆ་གཙོ་བོར་སྟོན་པ་དང་། ཤེས་རབ་ཀྱི་ཆ་གཙོ་བོར་སྟོན་པ་དང་། གཉིས་ཀའི་ཆ་གཙོ་བོར་སྟོན་པ་ལ་བྱའོ། །