རྟ་ནག་ཆོས་འབྱུང་།

༤. རིགས་ཀྱི་སྒོ་ནས་ཁྱད་པར་དུ་འཕགས་ཚུལ།

上一章
下一章

(༤. རིགས་ཀྱི་སྒོ་ནས་ཁྱད་པར་དུ་འཕགས་ཚུལ།)

བཞི་པ་རིགས་དམན་པར་གང་ཟག་བཟང་པོ་འབྱུང་བ་ཡང་སྲིད་མོད། རྒྱལ་རིགས་དང་། རྗེའུ་རིགས་དང་། བྲམ་ཟེའི་རིགས་དང་། ཁྱིམ་བདག་གི་རིགས་ཆེས་མཐོ་བ་དག་གིས་བཀུར་བ་ཤས་ཆུང་བས་བསྟན་པ་ལ་ཕན་མི་ཆེ། དཔེར་ན་བསྐལ་པ་བཟང་པོའི་སངས་རྒྱས་རྣམས་ཛམྦཱུའི་གླིང་ན་རྒྱལ་རིགས་ལ་གཙོ་བོར་བྱེད་པའི་ཚེ་རྒྱལ་རིགས་དང་། བྲམ་ཟེའི་རིགས་ལ་གཙོ་བོར་བྱེད་པའི་ཚེ་བྲམ་ཟེའི་རིགས་ལ་འབྱུང་བ་དང་འདྲ་བར་ཆོས་ཀྱི་རྗེ་འདི་དག་ཀྱང་ཐོག་མར་འོད་གསལ་ལྷ་ལས་བབས་པ་གནམ་ལྷའི་རིགས། བར་དུ་གཡའ་སྤང་སྐྱེས་གཅིག་གིས་སྲིན་པོ་སྐྱ་རིང་ཁྲག་མིག་བསད་སྲིན་ལྕམ་སི་ལི་མ་འཕྲོགས་ཏེ་ཁབ་ཏུ་བཞེས་པ་ལས་སྲས་འཁོན་པར་སྐྱེས་འཁྲུངས་པ་ནས་བརྩམས་ཏེ་སྲིན་པོ་དང་འཁོན་པའི་རིགས་ཡིན་པས་འཁོན་གྱི་གདུང་བརྒྱུད། མཐར་འཁོན་དཀོན་མཆོག་རྒྱལ་པོས་དཔལ་ས་སྐྱའི་གཙུག་ལགས་ཁང་བཏབ་པ་ནས་བཟུང་སྟེ་ས་སྐྱ་པའི་གདུང་བརྒྱུད་དམ་རིགས་གསུམ་མགོན་པོའི་གདུང་བརྒྱུད་ཅེས་

85a

༄༅།       །པར་བསམ་བཞིན་དུ་སྐྱེ་བ་བཞེས་ནས་མཁས་པ་དང་གྲུབ་པ་ཆེན་པོའི་གོ་འཕང་ཐོབ་ནས་ལྟ་ཅི། ཡུམ་གྱི་མངལ་ནས་བཙས་མ་ཐག་པའི་ཚེ་ཡང་ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱི་སྤྱི་བོར་ཞབས་ཀྱི་པདྨོ་འཇོག་པར་རང་གཞན་ཐམས་ཅད་མཐུན་སྣང་གྲུབ་པའི་སྐྱེས་བུ་དམ་པ་རབ་ཏུ་མང་པོས་ཕྱེ་བའི་བཀའ་སྲོལ་ཡིན་པས་བཀའ་སྲོལ་གཞན་ལས་རིགས་ཀྱི་སྒོ་ནས་ཀྱང་ཁྱད་པར་འཕགས་པ་ཡིན་ནོ། །