
经目搜索
作者:ཇོ་ནང་ཏཱ་ར་ནཱ་ཐ།
རྩོམ་པ་པོའི་ངོ་སྤྲོད་མདོར་བསྡུས།
ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐའམ་ཀུན་དགའ་སྙིང་པོ་ནི་སྤྱི་ལོ1575ལོར་ཇོ་མོ་ཁ་རག་དང་ཉེ་བར་འབྲང་ཞེས་པའི་སར་ཡབ་རྣམ་རྒྱལ་ཕུན་ཚོགས་དང་། ཡུམ་རྡོ་རྗེ་བུ་དགའ་ལྷ་མོ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བཞི་པར་རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཡང་སྲིད་དུ་ངོས་བཟུང་ནས་ཆོས་ལུང་བྱང་རྩེར་ཁྲི་སྟོན་མཛད། དགུང་ལོ་བརྒྱད་པར་སྟག་ལུང་པ་ཀུན་དགའ་རྒྱལ་མཚན་ལས་རབ་ཏུ་བྱུང་། མཁས་མཆོག་བྱམས་པ་ལྷུན་གྲུབ་དང་། རྗེ་བྲག་སྟོད་པ་ཆོས་སྐུ་ལྷ་དབང་གྲགས་པ། མཁན་ཆེན་ལུང་རིགས་རྒྱ་མཚོ། མཁས་གྲུབ་སངས་རྒྱས་ཡེ་ཤེས། ཡེ་ཤེས་དབང་པོ་སོགས་ལས་ཆོས་བརྒྱུད་རིས་མེད་ཀྱི་ཆོས་སྐོར་དུ་མའི་དབང་ཁྲིད་མན་ངག་དང་བཅས་པ་གསན། དགུང་ལོ་ཉི་ཤུ་པར་བསྙེན་པར་རྫོགས། རྒྱ་གར་གྱི་སློབ་དཔོན་སུནི་རྦཱ་ཎ་ཤྲཱི་དང་། པུརྞ་བཛྲ་སོགས་ལས་ཟབ་ཆོས་མང་པོ་དང་། སྒྲ་སོགས་ཕྱི་ནང་གི་རིག་གནས་མཐའ་ཡས་པ་གསན་པས་མཁས་པའི་རྩེར་སོན། དགུང་ལོ་ཉེར་གཅིག་པར་ཇོ་ནང་རི་ཁྲོད་དུ་གདན་ས་མཛད། དགུང་ལོ་ཞེ་གཅིག་པར་གཙང་པ་སྤྱི་ལོ1615ལོར་གཙང་པ་སྡེ་སྲིད་ཀྱིས་ཆོས་གཞི་དང་ལྷ་འབངས་སོགས་ཕུལ་བའི་རྟེན་འབྲེལ་གྱིས་རྟག་བརྟན་དམ་ཆོས་གླིང་ངེས་དོན་དགའ་བའི་ཚལ་ཕྱག་བཏབ། དགུང་ལོ་རེ་གཅིག་པ་སྤྱི་ལོ1635ལོར་སྐུ་གཤེགས། གསུང་རྩོམ་ལ་སྟོན་པའི་མཛད་བརྒྱ་དང་། རྒྱ་གར་ཆོས་འབྱུང་སོགས་པཎ་གྲུབ་མང་པོའི་རྣམ་ཐར་དང་། ཤེར་སྙིང་། བཟང་སྤྱོད། དུས་འཁོར། བདེ་མཆོག །གསང་འདུས་བསྐྱེད་རྫོགས་ཀྱི་རྣམ་བཤད་སོགས་མདོ་སྔགས་ཀྱི་གཞུང་འགྲེལ་སྐོར་མང་ངོ་། །
ཡིག་ཚང་གི་ནང་དོན་མདོར་བསྡུས།
ཡིག་ཚང་འདིའི་ནང་དུ་ཐེག་པ་གོང་འོག་གི་དོན་དུ་གསུང་པའི་སྡེ་སྣོད་སོ་སོའི་དབྱེ་དོན་རགས་རིམ་ཞིག་བསྟན་ནས། སྡེ་སྣོད་སོ་སོ་ལས་གཙོ་ཆེ་བ་བོད་དུ་འགྱུར་བའི་རགས་རིམ་ཙམ་ངོས་གཟུང་ནས། དཔལ་དུས་ཀྱི་འཁོར་ལོའི་ཆོས་བསྐོར་གྱི་ཐོག་མའི་བྱུང་ཁུངས་དང་ལོ་རྒྱུས་བསྟན་ཏེ། རྒྱ་གར་འཕགས་པའི་ཡུལ་དུ་དར་ཚུལ་དང་། དེ་ནས་བོད་ཀྱི་ཡུལ་དུ་བྱུང་ལུགས་ལས་དུས་འཁོར་འབྲོ་ལུགས་སམ་ཟླ་མགོན་ལུགས་ཀྱི་བྱུང་བ་དང་། བརྒྱུད་པའི་བླ་མ་རྣམས་བསྟན་ཏེ་དུས་འཁོར་འབྲོ་ལུགས་མར་གྲགས་པ་འདི་ཉིད་དར་ཞིང་རྒྱས་ཚུལ་བསྟན།
作者:ཨོ་རྒྱན་གླིང་པས་གཏེར་ནས་བཏོན།
ཡིག་ཚང་གི་ངོ་སྤྲོད་མདོར་བསྡུས།
བཀའ་ཐང་སྡེ་ལྔའམ་ཐང་ཡིག་སྡེ་ལྔར་གྲགས་པ་ནི་བསམ་ཡས་རྡོའི་མཆོད་རྟེན་ནས་གཏེར་དུ་བཏོན་པའི《རྒྱལ་པོ་བཀའི་ཐང་ཡིག》དང་། དགེ་རྒྱས་བྱེ་མ་གླིང་གི་ལྷ་ཁང་ནས་བཏོན་པའི《ལོ་པཎ་བཀའི་ཐང་ཡིག》ཤེལ་བྲག་ནས་བཏོན་པའི《བློན་པོ་བཀའི་ཐང་ཡིག》ཁམས་གསུམ་ཟངས་ཁང་གླིང་ནས་བཏོན་པའི《བཙུན་མོ་བཀའི་ཐང་ཡིག》བུ་ཚལ་གསེར་ཁང་གླིང་ནས་བཏོན་པའི《ལྷ་འདྲེ་བཀའི་ཐང་ཡིག》བཅས་ལ་ཟེར།
ནང་དོན་ནི་བོད་བཙན་པོའི་ཡར་སྔོན་གྱི་གནས་ཚུལ་སྟེ་ཕྱིའི་འཇིག་རྟེན་གྱི་བཀོད་པ་དང་། ནང་གི་སེམས་ཅན་ཆགས་ཚུལ། བཙན་པོ་རིམ་བྱོན་གྱི་མཛད་རྗེས། རྒྱལ་བློན་རྣམས་ཀྱིས་ཆོས་ཁྲིམས་དང་རྒྱལ་ཁྲིམས་བཙུགས་ཚུལ། དམ་པའི་ཆོས་ཇི་ལྟར་བྱུང་བ་དང་། ལོ་པཎ་ཚོས་ཆོས་བསྒྱུར་ཏེ་བསྟན་པ་ཇི་ལྟར་དར་བ། སློབ་དཔོན་པདྨ་འབྱུང་གནས་ཀྱི་ལྷ་འདྲེ་དམ་ལ་འདོགས་པ་དང་། ཟབ་མོའི་གཏེར་རྣམས་སྦས་པ། ལྷ་ཁང་དང་གཙུག་ལག་ཁང་རྣམས་ཇི་ལྟར་བཞེངས་པ་སོགས་རྒྱལ་རབས་དང་། ལོ་རྒྱུས། ཆོས་འབྱུང་རྣམས་བསྟན་པའི་ཡིག་ཚང་ཞིག་ཡིན།
ཡིག་ཚང་གི་ངོ་སྤྲོད་མདོར་བསྡུས།
ཡིག་ཚང་འདིར་སྤྱིར་རྒྱུད་གསང་བ་སྙིང་པོའི་སྐོར་ཇི་ལྟར་བྱུང་བ་དང་། སྒོས་དཔལ་དུས་ཀྱི་འཁོར་ལོ་སོགས་ཀྱི་རྒྱུད་རྣམས་ཐོག་མར་རྒྱ་གར་འཕགས་པའི་ཡུལ་དུ་ཇི་ལྟར་བྱུང་ཚུལ། དེ་ལ་རྗེས་འཇུག་པཎ་གྲུབ་ཚོས་ཇི་ལྟར་འཛིན་ཅིང་འཆད་སྲོལ་མི་འདྲ་བའི་ལུགས་དུ་མ་ལ་བརྟེན་ནས་སྤེལ་ཏེ་དར་ཞིང་རྒྱས་པ་དང་། དེ་ནས་བོད་གངས་ཅན་གྱི་ཡུལ་དུ་དར་ཞིང་རྒྱས་པའི་ཚུལ། དེ་བཞིན་རྒྱུད་ཀྱི་སྐོར་རྣམས་ཉན་བཤད་ཇི་ལྟར་བྱ་དགོས་པའི་ཚུལ་རྣམས་ལེགས་པར་བསྟན་ཡོད་དོ། །
作者:ས་སྐྱ་ཨ་མེས་ངག་དབང་ཀུན་དགའ་བསོད་ནམས།
ཆོས་འབྱུང་འདིའི་ནང་དུ་རྒྱུད་གསང་བ་འདུས་པའི་ལོ་རྒྱུས་སམ་དེ་ཉིད་ཀྱི་བྱུང་ཚུལ་དང་། གསང་བ་འདུས་པའི་རྒྱུད་ཐོག་མར་ཇི་ལྟར་བྱུང་བ། དེའི་དགོངས་པ་འགྲེལ་ཚུལ་ལ་རྒྱ་གར་དུ་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱིས་བཀྲལ་བའི་ལུགས་ཏེ་གསང་འདུས་འཕགས་ལུགས་དང་། དཀྱིལ་འཁོར་ཆེན་པོའི་སློབ་དཔོན་ཡེ་ཤེས་ཞབས་ཀྱིས་བཀྲལ་བའི་ལུགས་ལ་ཡེ་ཤེས་ཞབས་ལུགས་བཅས་བྱུང་བ། དེ་ནས་བོད་དུ་དར་བ་དང་སྔ་རྗེས་སུ་འགོས་ལོ་བ་བསོད་ནམས་རྩེ་མོ་ནས་བརྒྱུད་པ་འགོས་ལུགས་དང་། རྗེ་མར་པ་ནས་བརྒྱུད་པ་མར་ལུགས། ས་ལུགས་སོགས་ཀྱི་བརྒྱུད་པ་མི་འདྲ་བ་འགའ་ཞིག་བྱུང་བའི་ལོ་རྒྱུས་དང་། ཕྱིས་སུ་བདག་ཉིད་ཆེན་པོ་ས་པཎ་ལ་བཀའ་བབས་པའི་ལུགས་གསར་མ་སྟེ་ས་ལུགས་གསར་མ་དང་བཅས་ཀྱི་བྱུང་ཚུལ་དང་བརྒྱུད་ཚུལ་བཅས་བསྟན་ཡོད་དོ། །
作者:འཇིགས་བྲལ་ཆོས་ཀྱི་སེང་གེ།
ཡིག་ཚང་འདི་རུ་གཅོད་ཀྱི་དོན་དང་། གཅོད་ཀྱི་བྱུང་ཁུངས་བསྟན་པ། མ་རྒྱུད་ཤེས་རབ་ཀྱི་བརྒྱུད་པ་དང་། ཕ་རྒྱུད་ཐབས་ཀྱི་བརྒྱུད་སོགས་ཕྱེས་ཏེ་ཇི་ལྟར་བརྒྱུད་པའི་ལོ་རྒྱུས། དམ་པ་སངས་རྒྱས་ཀྱི་མཛད་རྣམ། ཆོས་ཀྱི་རྣམ་གྲངས་བཅས་ས་བཅད་ཆེན་པོ་བཞི་ཡི་ངོས་ནས་ཞི་བྱེད་གཅོད་ཀྱི་ཆོས་སྐོར་ཇི་ལྟར་དར་ཚུལ་བརྗོད་པ་ཞིག་སྟེ། མ་ཅིག་ལབ་སྒྲོན་དང་དེའི་སློབ་བརྒྱུད་ཀྱི་ལོ་རྒྱུས་དང་། བཀའ་བབས་སྔ་ཕྱི་བར་གསུམ་གྱི་བླ་བརྒྱུད་རྣམས་ཐོར་བཀོད་དེ་བོད་ཆོས་ཟབ་མོ་གཅོད་དེ་རྒྱ་ལ་དར་བའི་ལོ་རྒྱུས་སོགས་བསྟན་ཡོད་དོ། །
作者:ས་སྐྱ་ཨ་མེས་ངག་དབང་ཀུན་དགའ་བསོད་ནམས།
ཡིག་ཚང་གི་ནང་དོན་མདོར་བསྡུས།
ཆོས་འབྱུང་འདིའི་ནང་དུ་སྤྱིར་དམ་པའི་ཆོས་ཀྱི་བྱུང་བ་དང་། སྒོས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ནས་བརྒྱུད་པའི་བཀའ་གདམས་པའི་གྲུབ་མཐའ་འམ་ཆོས་བརྒྱུད་དེ་ཁོང་གི་རྣམ་ཐར་དང་སྦྱར་ནས་རྒྱ་གར་ཡུལ་དུ་བྱུང་བ་དང་། བོད་ཀྱི་ཡུལ་དུ་ཇི་ལྟར་སྤྱན་དྲངས་ཚུལ། བོད་ནས་ཁོང་གི་སློབ་མ་དགེ་བསྙེན་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་དང་། པོ་ཏོ་བ། གསང་ཕུ་བ། ཕུ་ཆུང་བ་སོགས་བརྒྱུད་དེ་ཇི་ལྟར་དར་ཞིང་རྒྱས་པའི་ལོ་རྒྱུས་རྣམས་བརྗོད་བྱ་རྒྱ་ཆེ་ལ་གཏིང་ཟབ་པ། རྗོད་བྱེད་ཚིག་གི་སྡེབ་སྦྱོར་ལེགས་ཤིང་ཚིག་ཉུང་དོན་འདུས་ཀྱིས་བསྟན་ཡོད་དོ། །
作者:当年明月
本书从朱元璋的出身开始写起,到永乐大帝夺位的靖难之役结束为止。叙述了明朝最艰苦卓绝的开国过程。朱元璋pk陈友谅,谁堪问鼎天下?战太平、太湖大决战。卧榻之侧埋恶虎,铲除张士诚。徐达、常遇春等不世名将乘胜逐北破北元。更有明朝最大的谜团一一永乐夺位、建文失踪的靖难之役。高潮迭起,欲罢不能!
已加载全部内容





