
དཀར་ཆག་འཚོལ་འདེད།
རྩོམ་པ་པོ།:ཇོ་ནང་ཏཱ་ར་ནཱ་ཐ།
ཡིག་ཚང་འདི་ནི་སྒྲོལ་མའི་རྒྱུད་ཀྱི་ཆོས་འབྱུང་ཞིག་སྟེ་སྔོན་ཐོག་མ་མེད་པའི་དུས་ནས་སྒྲོལ་མ་ཇི་ལྟར་བྱུང་ཞིང་སེམས་བསྐྱེད་པ་དང་། དེ་ནས་བསྐལ་པ་འདི་ཉིད་ལ་རྗེ་བཙུན་སྒྲོལ་མ་ཇི་ལྟར་བྱོན་པ་དང་སྒྲོལ་མའི་རྒྱུད་ཇི་ལྟར་དར་བ། དད་པ་ཅན་ལ་རྗེ་བཙུན་སྒྲོལ་མས་ཞལ་བསྟན་པ་དང་འཇིགས་པ་བརྒྱད་ལས་བསྐྱངས་ཤིང་རྗེས་སུ་བཟུང་བ། སློབ་དཔོན་ཀླུ་སྒྲུབ་སོགས་ནས་སྒྲོལ་མའི་རྒྱུད་དར་བའི་ལོ་རྒྱུས་སྤྱི་མཐུན་དང་། ཁྱད་པར་དུ་ལོ་རྒྱུས་གཞན་དུ་མ་འཁོད་པའི་སྒྲོལ་མའི་རྒྱུད་ཀྱི་བརྒྱུད་པ་འགའ་ཞིག་བཅས་བསྟན་ཏོ། །
རྩོམ་པ་པོ།:གུང་མགོན་པོ་སྐྱབས།
ཡིག་ཚང་གི་ནང་དོན་མདོར་བསྡུས།
ཡིག་ཚང་འདིར་རྒྱ་ནག་ཡུལ་གྱི་བཀོད་པ་དང་། རྒྱ་ནག་གི་རྒྱལ་སྲིད་རགས་རིམ། རྒྱ་ནག་ཡུལ་དུ་དམ་པའི་ཆོས་ཇི་ལྟར་དར་བ་དང་། ལྷག་པར་རྒྱ་ནག་གི་ཆོས་སྨྲ་བའི་སློབ་དཔོན་རྣམས་ཀྱི་རྣམ་ཐར་དང་དེ་དག་རྒྱ་གར་འཕགས་པའི་ཡུལ་དུ་ཆོས་ལེན་དུ་ཕེབས་ཤིང་ཐོས་བསམ་མཛད་པ་དང་། ཕྱིར་རང་ཡུལ་དུ་ལོག་སྟེ་མདོ་དང་བསྟན་བཅོས་བསྒྱུར་བ་དང་། མདོ་ཡི་དགོངས་འགྲེལ་བསྟན་བཅོས་གསར་རྩོམ་བྱས་ཏེ་དམ་པའི་ཆོས་སྤེལ་བ། རྒྱ་ནག་སྐད་དུ་འགྱུར་རོ་ཅོག་གི་བཀའ་དང་བསྟན་བཅོས་རྣམས་ཀྱི་དཀར་ཆག་བཅས་ལེགས་པར་བསྟན་ཡོད་དོ། །
ནང་དོན་ཚང་མ་འཁུར་ཚར།





