
经目搜索
作者:ཆོས་རྣམ་རྒྱལ།
ཆོས་འབྱུང་འདིར་བསྐལ་པ་གང་ལ་སངས་རྒྱས་གང་འབྱོན་པ་དང་། བསྐལ་པ་བཟང་པོའི་སངས་རྒྱས་ཇི་ལྟར་འབྱོན་པ། འཇིག་རྟེན་ཁམས་སུ་སྟོན་པ་ཐུབ་པའི་དབང་པོ་བྱོན་ཚུལ། ཆོས་ཀྱི་འཁོར་ལོ་ཇི་ལྟར་བསྐོར་བ། སྟོན་པ་འདས་རྗེས་བཀའ་བསྡུ་ཇི་ལྟར་བྱས་པ། ཕྱི་ནང་གི་གྲུབ་མཐའི་རྣམ་གཞག་བསྟན་ཏེ་ཕྱི་པ་དང་ནང་པའི་ཁྱད་པར་ཇི་ལྟར་འབྱེད་ཚུལ། བཀའ་བསྡུས་རྗེས་བསྟན་པ་རྒྱན་དྲུག་མཆོག་གཉིས་ལ་སོགས་པའི་པཎ་གྲུབ་རྣམས་ཀྱིས་ཇི་ལྟར་བསྐྱངས་བའི་ལོ་རྒྱུས་དང་། བསྟན་པའི་དམ་ཆོས་དེ་ཉིད་གངས་རིའི་ལྗོངས་འདིར་ལོ་པཎ་རྣམས་ཀྱིས་ཇི་ལྟར་བསྒྱུར་བ། དེ་ལ་བོད་ཀྱི་ཆོས་རྒྱལ་ལ་སོགས་པ་རྣམས་ཀྱིས་སྲི་ཞུ་ཇི་ལྟར་མཛད་པ་དང་། མཁས་པ་རྣམས་ཀྱིས་བཤད་ཉན་གྱི་ཇི་ལྟར་གཏན་ལ་ཕབ་པའི་ཚུལ། དེ་དག་གི་ནང་ནས་ས་སྐྱ་པའི་ལྟ་གྲུབ་ཁྱད་པར་དུ་འཕགས་ཚུལ། གསང་སྔགས་གསར་རྙིང་གི་ཁྱད་པར་དང་། དེ་དག་གི་ཁྱད་ཆོས་སོགས་ཞིབ་མོ་རྣམ་འཐག་གིས་བརྗོད་ཡོད་དོ། །
已加载全部内容





