
དཀར་ཆག་འཚོལ་འདེད།
རྩོམ་པ་པོ།:སངས་རྒྱས་ཤཱཀྱ་ཐུབ་པ།
༼ཀ༽གཅིག་ཞུས་སྔགས་དང་དཔལ། གཉིས་ཞུས་སྔགས་དང་དཔལ། གསུམ་ཞུས་སྣར་ཐང་དཔོན་སློབ་པས། །དག་པར་བགྱིས་པས་གཟིགས་པར་ཞུ། །སླར་ཡང་ཞྭ་དམར་ཅོད་པན་འཛིན་པ་བཞི་པ་སྤྱན་སྔ་ཐམས་ཅད་མཁྱེན་པའི་སྤྱན་སྔར་གཏུགས་ཏེ། དགེ་བའི་བཤེས་གཉེན་སྟོད་ལུང་པ་ཆེན་པོའི་ཐུགས་དམ་དང་བསྟུན་ནས་ཞུས་དག་པར་བྱས་པའོ། །༼ཁ༽ཞྭ་དམར་ཅོད་པན་འཛིན་པ་བཞི་པ་སྤྱན་སྔ་ཐམས་ཅད་མཁྱེན་པའི་སྤྱན་སྔར་གཏུགས་ཏེ། དགེ་བའི་བཤེས་གཉེན་སྟོད་ལུང་པ་ཆེན་པོའི་ཐུགས་དམ་དང་བསྟུན་ནས་ཞུས་དག་པར་བྱས་པའོ། །༼ག༽གཅིག་ཞུས་ཀུན་དགའོ་དང་གཉིས། གཉིས་ཞུས་སྔགས་དཔལ་ལྡན། གསུམ་ཞུས་སྣར་ཐང་དཔོན་སློབ་པས། དྲི་ཚོགས་སྤངས་ནས་དག་པར་བྱས། །༼ང༽རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་དཔལ་བརྩེགས་ཀྱིས་ཞུས་ཏེ་གཏན་ལ་ཕབ་པའོ།།
རྩོམ་པ་པོ།:གུ་གེ་པཎ་ཆེན་གྲགས་པ་རྒྱལ་མཚན།
ཡིག་ཚང་འདིའི་ནང་དུ་ཕྱི་སྣོད་ཀྱི་རྣམ་གཞག་གླིང་བཞི་རི་རབ་སོགས་སྲིད་པའམ་འཇིག་རྟེན་ཆགས་པ་དང་། སངས་རྒྱལ་ཀྱི་ཞིང་ཁམས་ཁམས་བསྟན། འདུ་བྱེད་ཀྱིས་བཟུང་བའི་སེམས་ཅན་བསྟན་ཏེ་ཤཱཀྱའི་རྒྱལ་རབས་ཉི་མའི་གཉེན་ལས་མཆེད་པ་དང་། དེ་ནས་མང་པོས་བཀུར་བ་ནས་ཤཱཀྱའི་རིགས་རྒྱུད་རྒྱ་དེ་རྒྱ་གར་ཡུལ་དུ་ཇི་ལྟར་དར་ཞིང་རྒྱས་པའི་ཚུལ་རྣམས་བསྟན་པ་ཡོད་ལ། ཤཱཀྱའི་རྒྱལ་རྒྱུད་བོད་དུ་བྱུང་ཞིང་དར་བ། བོད་ཀྱི་བཙན་པོ་གཉའ་ཁྲི་བཙན་པོ་ནས་རྒྱལ་རབས་རིམ་བཞིན་བྱོན་པ་སོགས་ཀྱི་ལོ་རྒྱུས་དང་སྦྱར་སྟེ་བོད་ཀྱི་རྒྱལ་རབས་སྤྱི་དང་། རྒྱལ་རྒྱུད་རིམ་བཞིན་མངའ་རིས་སུ་བྱོན་ཚུལ་རྣམས་བསྟན་ཡོད་དོ། །
རྩོམ་པ་པོ།:བུ་སྟོན་རིན་ཆེན་གྲུབ།
ནང་དོན་མདོར་བསྡུས།
ཆོས་འབྱུང་འདི་ནི་ལེའུ་ཆེན་པོ་བཞི་རུ་ཕྱེས་ཏེ། དམ་པའི་ཆོས་འཆད་ཉན་གྱི་ཕན་ཡོན་དང་། སྟོན་པ་ཇི་ལྟར་བྱོན་ཚུལ། ཆོས་ཀྱི་འཁོར་ལོ་ཇི་ལྟར་སྐོར་ཚུལ། བཀའ་ཡི་བསྡུ་བ་མཛད་ཚུལ་དང་། རྒྱལ་བའི་བཀའ་ཡི་དབྱེ་བ་ཕྱེས་ཏེ་ཁྱད་པར་བསྟན་པ། རྗེས་འཇུག་མཁས་པ་རྒྱན་དྲུག་མཆོག་གཉིས་སོགས་བྱུང་སྟེ། དེ་དག་གིས་བཀའ་ཡི་དགོངས་འགྲེལ་བསྟན་བཅོས་མཛད་དེ་བསྟན་པ་ཇི་ལྟར་སྐྱོང་ཚུལ་དང་། དེ་བཞིན་བསྟན་པ་བོད་དུ་ཇི་ལྟར་བྱུང་བ་དང་། ཇི་ལྟར་དར་ཞིང་རྒྱས་པའི་ཚུལ་དང་། ལྷག་པར་རྒྱལ་བའི་བཀའ་དང་རྗེས་འཇུག་མཁས་པའི་བསྟན་བཅོས་བོད་དུ་འགྱུར་རོ་ཅོག་གི་མཚན་དང་རྣམ་གཞག་སོ་སོར་ཕྱེས་ཏེ་དཀར་ཆག་ཏུ་བཀོད་དེ་བསྟན་ཡོད་དོ། །
རྩོམ་པ་པོ།:མཁས་དབང་དགེ་འདུན་ཆོས་འཕེལ།
ཡིག་ཚང་གི་ནང་དོན་མདོར་བསྡུས།
དེབ་ཐེར་འདིའི་ནང་དུ《ཏུན་ཧོང་ཡིག་རྙིང》དང《རྒྱའི་ལོ་རྒྱུས་ཡིག་ཚང》《རྡོ་རིང་ཡི་གེ》གསུམ་ཁུངས་སུ་བྱས་ཤིང་སྲིད་ལུགས་དང་འབྲེལ་བའི་སྒོ་ནས་ཐོག་མར་བོད་ཀྱི་ཡུལ་མིང་ཐོགས་ཚུལ་ནས། བོད་ཀྱི་རྗེ་བྱོན་ཚུལ། ལྷག་པར་བོད་རྗེ་བཙན་པོ་གནམ་རི་སྲོང་བཙན་དང་། སྲོང་བཙན་སྒམ་པོ། མང་སྲོང་མང་བཙན་སོགས་ཀྱི་མཛད་རྗེས་དང་དེ་དག་གི་དུས་སྐབས་ཀྱི་ཆབ་སྲིད་ཀྱི་ཡོ་ལང་། རྒྱལ་བློན་དེ་དག་གིས་དཔའ་བོའི་དཔུང་དང་། བཙན་པོའི་སྟོབས་བསྐྱེད་དེ་མཐའ་བཞིའི་རྒྱལ་ཁམས་དབང་དུ་བསྡུས་ཚུལ་སོགས་རྒྱལ་རབས་ལོ་རྒྱུས་ཡིག་ཚང་དེ་དག་ནས་བྱུང་བའི་ལོ་རྒྱུས་རྣམས་གུང་བསྒྲིགས་ཤིང་བསྟན་ཡོད་དོ། །
ནང་དོན་ཚང་མ་འཁུར་ཚར།





