
དཀར་ཆག་འཚོལ་འདེད།
རྩོམ་པ་པོ།:མཁས་པ་ལྡེའུ།
ཡིག་ཚང་གི་ནང་དོན་མདོར་བསྡུས།
ཡིག་ཚང་འདི་ནི་དུམ་བུ་ཆེན་པོ་གཉིས་ཀྱིས་གྲུབ་པ་ཞིག་སྟེ། ཁག་དང་པོར་སྟོན་པ་ཤཱཀྱ་ཐུབ་པ་འཇིག་རྟེན་དུ་བྱོན་ནས་མཛད་པ་བཅུ་གཉིས་ཀྱིས་འགྲོ་དོན་བསྐྱངས་པ་དང་། སྐུ་མྱ་ངན་ལས་འདས་རྗེས་ཉན་ཐོས་རྣམས་ཀྱིས་བཀའ་བསྡུ་རིམ་པ་གསུམ་མཛད་པ། རྗེས་འཇུག་མཁས་གྲུབ་རྣམས་ཀྱིས་མདོ་སྔགས་གཉིས་ཀྱི་བསྟན་བཅོས་མཛད་ཚུལ་བཅས་བརྗོད་ཡོད། ཁག་གཉིས་པར་ཁུ་སྟོན་གྱིས་མཛད་པའི་ལོ་རྒྱུས་ཆེན་མོ་ལ་གཞིགས་ཏེ། རྒྱལ་པོ་གཉའ་ཁྲི་བཙན་པོ་བྱོན་ལུགས་ནས་ཁྲི་བདུན། སྟོད་ཀྱི་སྟེང་གཉིས། ལེགས་དྲུག །ལྡེ་བདུན། བཙན་བདུན། བར་གྱི་སྟེང་གཉིས་བཅས་གླེང་བ་བརྒྱུད། ཆོས་རྒྱལ་མེས་དབོན་རྣམ་གསུམ་སོགས་ཀྱིས་སྲིད་འབྱོར་རིག་གསུམ་ལ་བཞག་པའི་མཛད་པ་རྣམས་རྒྱས་པར་བཀྲལ་བར་མ་ཟད། གླང་དར་མས་ཆོས་བསྣུབས་ནས་སྨད་སིལ་ཆད་བྱུང་བ། བླ་ཆེན་གྱིས་བསྟན་པའི་མེ་རོ་བསླངས་ནས་སྡེ་པ་སོ་སོར་གྱེས་པ། བསྟན་པའི་གནས་ཚད་དང་བྱམས་པ་བྱོན་ལུགས་སོགས་བརྗོད་ཡོད་དོ། །
རྩོམ་པ་པོ།:བུ་སྟོན་རིན་ཆེན་གྲུབ།
ཡིག་ཚང་གི་ངོ་སྤྲོད་མདོར་བསྡུས།
ཆོས་འབྱུང་འདི་ནི་གསང་བདེ་འཇིགས་གསུམ་དུ་གྲགས་པའི་ཡ་གྱལ་བདེ་མཆོག་གི་ཆོས་ཇི་ལྟར་བྱུང་བ་དང་། དུས་ནམ་ཞིག་ལ་སུས་གསུངས་ཤིང་། ཞུས་པ་དང་། བསྡུ་བ་ཇི་ལྟར་བྱས་ཤིང་སླར་དགོངས་འགྲེལ་གྱི་བསྟན་བཅོས་སོགས་ལ་བརྟེན་ཏེ་ཇི་ལྟར་དར་ཞིང་རྒྱས་པ་དང་། ལྷག་པར་དུ་བོད་གངས་ཅན་ཡུལ་དུ་དུས་ནམ་ཞིག་ལ་བྱུང་བ་དང་། དེ་ལ་ཉམས་སུ་ལེན་པའི་གང་ཟག་བྱུང་སྟེ། དར་སྤེལ་བྱུང་ཚུལ་སོགས་བསྟན་ཡོད་ལ། ལྷག་པར་དུ་རྒྱུད་ཀྱི་བཤད་ཉན་ཇི་ལྟར་བྱ་དགོས་ཚུལ་དང་། ཉམས་སུ་ཇི་ལྟར་ལེན་ཚུལ་སོགས་བཀའ་དང་བསྟན་བཅོས་རྣལ་མ་དག་ཁུངས་སུ་བཟུང་ནས་ཚིག་ཉུང་ལ་དོན་འདུས་པའི་སྒོ་ནས་བསྟན་ཡོད་དོ། །
ནང་དོན་ཚང་མ་འཁུར་ཚར།





